མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ལོ་ངོ་བཞི་བཅུར་འཕེལ་རྒྱས་ལམ་བུ་བརྒལ། དུས་རབས་གསར་བར་ཕུགས་བསམ་བརྩོན་སྙེག་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.09.19 ཁུངས། ཀློག་གྲངས། 836

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ལོ་ངོ་བཞི་བཅུར་འཕེལ་རྒྱས་ལམ་བུ་བརྒལ། དུས་རབས་གསར་བར་ཕུགས་བསམ་བརྩོན་སྙེག་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། 

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ལོ་ངོ་བཞི་བཅུར་འཕེལ་རྒྱས་ལམ་བུ་བརྒལ། དུས་རབས་གསར་བར་ཕུགས་བསམ་བརྩོན་སྙེག་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། 

མཚོ་སྔོ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཧྲིན་ཧོང་ཞིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་གིས་བཞུགས་མོལ་ཚོགས་འདུའི་བརྗོད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་བཞིན་པ།

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ་ཡིས་བཞུགས་མོལ་ཚོགས་འདུའི་བརྗོད་དང་འབྲེལ་ནས་གཏམ་བཤད་སྤེལ་བཞིན་པ། 

མཚོ་སྔོན་དགེ་འོས་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་བཞུགས་མོལ་ཚོགས་འདུའི་བརྗོད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་བཞིན་པ།

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་གཞི་རིམ་ཞབས་ཞུ་བྱེད་ཡུལ་གྱི་འཐུས་ཚབ་པས་བརྗོད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་བཞིན་པ།

བཞུགས་མོལ་ཚོགས་འདུའི་ཟུར་ཅིག

ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གཟབ་ནན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་བོད་འབྲེལ་ས་ཁུལ་གྱི་སྤྱི་བའི་རིག་གནས་ཀྱི་ཞབས་ཞུའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ལོ་ངོ་བཞི་བཅུར་འཕེལ་རྒྱས་ལམ་བུ་བརྒལ། དུས་རབས་གསར་བར་ཕུགས་བསམ་བརྩོན་སྙེག་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་མཚོ་སྔོན་མགྲོན་ཁང་ཆེན་མོའི་ནང་བསྡུས། 

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་ཀྱི་ཆེད་མཁས་པ་གདན་དྲངས་པ་ལྟར་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་ཅུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཅུའུ་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོའི་འབྲེལ་ཡོད་འགན་ཁུར་བ། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ལས་བཟོ་བ་ཡོངས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཧྲིན་ཧོང་ཞིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་ཞུས་ཚིག་ཕུལ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཆེད་མཁས་པ་དང་། གཞི་རིམ་གྱི་ཞབས་ཞུ་བྱེད་ཡུལ་གྱི་འཐུས་ཚབ་པ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་བརྗོད་དོན་ལ་དམིགས་ནས་གཏམ་བཤད་སྤེལ་བར་མ་ཟད། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པ། ཁྱབ་རྒྱ་ཆེ་བའི་སྒོ་ནས་བོད་འབྲེལ་ས་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་བའི་རིག་གནས་ཀྱི་ཞབས་ཞུའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་ཐད་ནས་བརྗེ་རེས་བཞུགས་མོལ་བྱས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་བྱེད་ཐབས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ནན་ཏན་གྱི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་། མཐའ་འཁོར་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱི་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལེ་ཚན་དྲིལ་སྒྲོག་བྱ་བའི་གཞི་རྟེན་དུ་བྱེད་པ། བབ་ཆགས་ཤིང་གོ་སླ་བའི་སྐད་ཆར་བརྟེན་ནས་ཕུལ་བྱུང་གློག་བརྙན་འཕྲིན་གྱི་བརྩམས་ཆོས་སྤུས་ལེགས་མང་པོ་བསྒྱུར་སྐྲུན་བྱས་ཏེ། གྲངས་ཉུང་མི་རིགས་ལ་སྣ་འཛོམས་ཕུན་སུམ་ཚོགས་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་བསམ་བློའི་རྒྱགས་ཕྱེ་ཇ་ནོམ་པ་མཁོ་འདོན་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་བའི་བསམ་བློའི་རེ་སྙེག་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད།

གྲོས་ཚོགས་ནས་ལས་ཁུངས་སོ་སོས་ངེས་པ་དོན་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནང་དོན་གལ་ཆེན་ལ་ངེས་ཤེས་ཟབ་མོ་ལེན་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འབྲེལ་ཡོད་བོད་ལྗོངས་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་བར་བྱེད་པ། རྒྱུན་ཆད་མེད་པར་ཉམས་མྱོང་དང་འགྲེམ་སྟོན་གྲུབ་འབྲས་སྤྱི་བསྡོམས་བྱེད་པ་དང་བར་ཐག་འཚོལ་བ། སྔར་ལས་ལྷག་པའི་སྒོ་ནས་མ་འོངས་པར་རྒྱང་ལྟ་བྱེད་པ། མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་བྱ་བའི་སྦྲེལ་ཐག་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། མི་རིགས་མཐུན་སྒྲིལ་སྲོག་ཤིང་དུ་བྱེད་པ་དང་མི་རིགས་སྔོན་བསྐྱོད་གཞི་རྩར་བྱེད་པ་བཅས་བྱས་ཏེ། བོད་ཁུལ་གྱི་མང་ཚོགས་ལ་སྔར་ལས་ལེགས་པའི་སྤྱི་བའི་རིག་གནས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། བོད་རིགས་མང་ཚོགས་ལ་སྣེ་སྟོན་བྱས་ནས་ཡང་དག་པའི་རྒྱབ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ་བཅས་ཆགས་སུ་འཇུག་དགོས་པར་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་སྔར་ལས་ཕུན་ཚོགས་སུ་བཏང་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་ལྷོད་མེད་བྱེད་དགོས་པའི་རེ་བཏོན།

གསར་འགོད་པ། དཔའ་བརྟན་རྒྱལ།