སློབ་ཆེན་པའི་ལས་སྒོ་གསར་སྐྲུན་གྱིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཀྱི་ནུས་པ་ཐོན།
2020.09.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

གཞན་གཟུགས། ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་སེ་པོ་ལེ་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་ཟིའི་སྒོ་འབྱེད་མཛད་སྒོ་དང་སྒྲོལ་མ་ལྷ་མོ་རྟགས་ཅན་གྱི་ཐོན་རྫས་གསར་པའི་འགྲེམ་སྟོན་ཚོགས་འདུ་མཚོ་ལྷོ་ཁུལ་དུ་བསྡུས་ཤིང་ས་གནས་འབྲེལ་ཡོད་མགོ་ཁྲིད་དང་ཁེ་ལས་པ་ཁ་ཤས་མཛད་སྒོར་ཞུགས།

ཚོགས་ཞུགས་འབྲེལ་ཡོད་མགོ་ཁྲིད་ཀྱིས་དར་ཚོན་གཅོད་པ།

ཀུང་སི་འདིར་མཚོན་ན་ས་གནས་ཀྱི་སློབ་ཆེན་སློབ་མ་ཁ་ཤས་ཀྱིས་སློབ་ཆེན་མཐར་ཕྱིན་རྗེས་ལོ་ངོ་མང་པོའི་རིང་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་གསགས་ཤིང་དཀའ་སྡུག་གི་འབྲས་བུས་ཕྱིར་རང་ཡུལ་ལ་ཁ་ཕྱོགས་སྟེ་དམིགས་སུ་གཏད་ནས་སྒྲུབ་པའི་ཞབས་ཞུ་རང་བཞིན་གྱི་ཁེ་ལས་ཤིག་ཡིན་ཞིང་།  ལས་སྒོ་གསར་སྐྲུན་གྱི་སྲིད་ཇུས་ལ་བསྟུན་ཞིང་ས་གནས་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་།  མཚོ་ལྷོ་ཁུལ་ཁོངས་སུ་ཞབས་ཞུའི་ཐོན་རྫས་ཀྱི་མ་ལག་འཐུས་ཚང་ཞིག་གྲུབ་ཡོད་ཅིང་། ས་གནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་མི་ཤུགས་ཐོན་ཁུངས་ཐད་ཀྱི་ལས་སྒོ་ཕྱིར་གླ་བ་དང་ལས་སྒོའི་འགྲོ་རིམ་ཕྱིར་གླ་བ། སྐབས་བསྟུན་ངལ་རྩོལ་དང་ཁེ་ལས་དོ་དམ་སྐོར་གྱི་བློ་འདྲི། ངལ་རྩོལ་ཁྲིམས་ལུགས་ལས་དོན་སྐོར་གྱི་བློ་འདྲི། འཇོན་མི་གདན་ཞུ་དང་གསོ་སྦྱོང་སོགས་ཀྱི་ཐད་ནས་ས་གནས་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ནུས་པ་ཐོན་ངེས་པ་མ་ཟད། སྔར་ལས་ན་གཞོན་མང་པོར་ལས་སྒོ་གསར་སྐྲུན་དང་རང་སྟོབས་རང་སྤེལ་གྱི་བློ་སྤོབས་དང་མིག་དཔེའི་ནུས་པའང་ཐོན་ཡོད།

ཚོགས་ཞུགས་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཐོན་རྫས་གསར་བའི་ཡོལ་རས་ཕྱེས་པ།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འདི་འགར། ཀུན་གྱིས་ལས་སྐྲུན་བྱེད་པ་དང་དམངས་ཀྱིས་བྱ་བཞག་སྐྲུན་པའི་ཚ་རླབས་འཕྱུར་བའི་འགྲོས་དང་བསྟུན་ནས་རྒྱལ་ཁབ་དང་ས་གནས་ཀྱིས་སློབ་ཆེན་སློབ་མས་ལས་སྒོ་གསར་འབྱེད་བྱེད་པར་དམིགས་བསལ་གྱི་སྲིད་ཇུས་བཏོན་ཡོད་པ་མ་ཟད་ཕྱོགས་གང་ཐད་ནས་སྐུལ་ཁྲིད་བྱེད་བཞིན་ཡོད། ལྷག་པར་དུ་མི་ཤུགས་ཐོན་ཁུངས་སྔོན་འདོན་དང་མཐུན་སྦྱོར་བྱ་བར་མཚོན་ན་ས་གནས་དཔལ་འབྱོར་གོང་འཕེལ་ལ་ཡར་སྐུལ་གྱི་ནུས་པ་འདོན་ཐུབ་པ་ལས་གཞན་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱ་ཐུབ། 

 མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་འཇིགས་མེད་སྨན་ལས་ཚད་ཡོད་ཀུང་ཟིའི་འགན་འཛིན་པ། འཇིགས་མེད་ཕུན་ཚོགས།

གུང་ཧོ་རྫོང་སྤྲེལ་ནག་གྲོང་རྡལ་གྱི་འཐུས་ཚབ་པས་གཏམ་བཤད་པ།

ཚོགས་ཞུགས་མི་སྣ།