ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་གཉིས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། བྱེད་ཐབས་གལ་ཆེན་བཞི་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དུས་ཐོག་ཏུ་ལས་ཞུགས་རོགས་སྐྱོར་ཁྱབ་ཁོངས་སུ་འཇོག་པ་དང་། གཙོ་བོར་ཡིད་འཇོག་དང་གཙོ་བོ་མཚམས་སྦྱོར་བྱེད་པ་དང་། གཙོ་བོར་ཞབས་ཞུ་བསྒྲུབ་པ། གཙོ་བོར་རོགས་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ཐད་ལ་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།
ཚགས་འཛུགས་བྱང་སྒྲིགས་བྱས་པ་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་གི་ཆ་འཕྲིན་མ་ལག་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མིང་བཀོད་ཆ་འཕྲིན་གཤིབ་བསྡུར་བྱས་ཏེ། ས་གནས་རང་གི་དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆ་འཕྲིན་ངོ་མ་གཙོར་བཟུང་ནས་ཡིད་འཇོག་བྱེད་པ་དང་། སློབ་མཐར་ཕྱིན་ཏེ་ལས་ཞུགས་བྱས་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ་ཚང་མ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་མའི་མིང་བཀོད་ཞབས་ཕྱིའི་ཁྱབ་ཁོངས་སུ་འཇོག་དགོས། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་ཆེད་དོན་ཞབས་ཞུ་ལག་བསྟར་བྱེད་པར་མ་ཟད་རྩ་འཛུགས་བྱས་ཏེ་ཆེད་དུ་བསྡུས་པའི་གདན་ཞུ་དང་ཡང་ན་མཁོ་འདོན་འབྲེལ་མཐུད་བྱ་འགུལ་ལ་ཞུགས་སུ་འཇུག་དགོས། ལས་ཞུགས་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ་ཚང་མ་མི་སྣ་གཙོ་བོའི་གསོ་སྦྱོང་འཆར་གཞིའི་ནང་བཞག་སྟེ་ལས་ཞུགས་ནུས་པ་ཇེ་ཆེར་གཏོང་བའི་གསོ་སྦྱོང་དང་རྩལ་ནུས་གསོ་སྦྱོང་། མཉམ་འབྲེལ་དྲ་རྒྱའི་གསོ་སྦྱོང་སོགས་ཀྱི་གསོ་སྦྱོང་སྣ་ཚོགས་སྤེལ་དགོས། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་འཚམས་པའི་ལས་གནས་འཆར་གཞི་གཏན་འཁེལ་བྱས་ཏེ། གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་ངེས་རེད།
ལོ་ཙཱ་བ། བཀྲ་ཤིས་འབུམ།