མཚོ་སྔོན་པོའི་མཚོ་སྐོར་ས་ཁུལ་གྱིས་འབྲོག་དམངས་སྐོར་སྲུང་རུ་ཁག་བཙུགས།
2020.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ལས་གཞི་ཞབས་ཞུ་ལྟེ་གནས་མཚོ་སྔོན་པོ་དང་ཆི་ལེན་རི་བོའི་ལྗོངས་རྒྱུ་ཁུལ་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ལས་གཞིས་རྒྱབ་སྐྱོར་འོག མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲོག་དམངས་སྐོར་སྲུང་རུ་ཁག་མཚོ་སྐོར་ས་ཁུལ་གྱི་དགོ་དམར་ཡོད་སའི་འབྲོག་སྡེ་གསུམ་དུ་བཙུགས།

ཐེངས་འདིར་འབྲོག་དམངས་སྐོར་སྲུང་རུ་ཁག་གསུམ་བཙུགས་པ་དང་། བསྡོམས་པས་འབྲོག་པ་ཉེར་གཉིས་སྐོར་སྲུང་རུ་ཁག་ཁྲོད་དུ་ཞུགས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ལས་གཞི་ཞབས་ཞུ་ལྟེ་གནས་ཀྱི་མ་དངུལ་བཏང་སྟེ་སྐོར་སྲུང་རུ་ཁག་ལ་སྐོར་སྲུང་ལྭ་བ་དང་ཞྭ སྐོར་སྲུང་ཁུག་མ་སོགས་སྐོར་སྲུང་ཡོ་ཆས་བྱིན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར་དང་ཁྲུང་ཁྲུང་སྐེ་ནག་སོགས་འཛམ་གླིང་གི་རི་སྐྱེས་རི་དྭགས་རྩ་ཆེན་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་ཆེད། 2020ལོར་ལས་གཞི་དེས་རང་བྱུང་རྩྭ་ས་སླར་གསོ་བྱ་འགུལ་དང་དགོ་དམར་འཚོ་གནས་བྱེད་ས་རུ་ཆུ་དོང་རྐོ་བའི་བྱ་འགུལ་སྤེལ་ནས། ལས་གཞི་ས་ཁུལ་གྱི་སྐྱེ་ཁམས་ཁྱམས་ལམ་འཛུགས་སྐྲུན་དང་རི་དྭགས་རྩ་ཆེན་འཚོ་སྡོད་བྱེད་སར་སྲུང་སྐྱོབ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།