། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་གནས་གནས་སྐོར་བདག་གཉེར་ལས་ཁུངས་དང་རིག་གནས་གནས་སྐོར་གཉེར་མཁན། གནས་སྐོར་བ་རྣམས་ལ་གྲོས་འགོ་བཏོན།
2020.10.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་གནས་གནས་སྐོར་བདག་གཉེར་ལས་ཁུངས་དང་རིག་གནས་གནས་སྐོར་གཉེར་མཁན། གནས་སྐོར་བ་རྣམས་ལ་གྲོས་འགོ་བཏོན་ཏེ། བདེ་འཇགས་དང་དཔལ་ཡོན། བདེ་ཐང་། གོ་རིམ་ལྡན་པ་བཅས་ཀྱི་གནས་སྐོར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཧུར་བརྩོན་གྲོན་ཆུང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་དགོས་ཟེར།

གྲོས་འགོ་བཏོན་པ་ལས་གནས་སྐོར་ཁེ་ལས་དང་གནས་སྐོར་གཉེར་མཁན་གྱིས་སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱས་ཏེ། སྒྲིག་སྲུང་ཁྲིམས་བརྩི་དང་བདག་གཉེར་ཚད་ལྡན་ཡིན་པ་དང་། ཞབས་ཞུ་བཟང་བོ་བསྒྲུབ་པ། བདེ་འཇགས་བདེ་ཐང་བཅས་ཀྱི་གནས་སྐོར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ལ། རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་གནས་སྐོར་བའི་བདེ་ཐང་ལ་ཡིད་འཇོག་བྱེད་པ། རང་སྟེང་གི་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ།  ལས་རིགས་ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་དང་གནས་སྐོར་བའི་ཁེ་དབང་ལ་བརྩི་འཇོག་བྱེད་པ། གནས་སྐོར་བར་སྣེ་ལེན་གང་ལེགས་བྱེད་པ། དྲིལ་སྒྲོག་རྫུན་མ་གཏན་འགོག་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་མཚོ་སྔོན་གྱི་རིག་གནས་དར་སྤེལ་བཟང་བོ་བྱེད་དགོས་པའི་རེ་བ་བཏོན་ཡོད།

ལོ་ཙཱ་བ། བཀྲ་ཤིས་འབུམ།