འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བཞི་ཁྲི་དགུ་སྟོང་ལྔ་བརྒྱ་དང་དོན་དྲུག་ལ་སླེབས།
2020.10.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཚེས་གསུམ་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བཞི་ཁྲི་དགུ་སྟོང་ལྔ་བརྒྱ་དང་དོན་དྲུག་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་གི་གཞི་གྲངས་ཆེས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོལ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཟླ་བཅུ་བའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅུ་གཉིས་བར་དུ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་ཁྲི་གསུམ་སྟོང་གཉིས་ལྔ་བརྒྱ་ཉེར་བདུན་ཇེ་མང་ལ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་བཞི་འབུམ་བཞི་ཁྲི་དགུ་སྟོང་ལྔ་བརྒྱ་དང་དོན་དྲུག་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་བརྒྱད་དང་དྲུག་བརྒྱ་དོན་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་གཉིས་སྟོང་ལྔ་བདུན་བརྒྱ་ཉེར་དགུ་ལ་སླེབས་ཡོད།

                                                                                                           ལོ་ཙཱ་བ། རིན་ཆེན་མཚོ།