མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་བྲེལ་མྱུར་སྒོས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་ཀྱི་བདེ་འཇགས་བྱ་བར་བཀོད་སྒྲིག་བྱས།
2020.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་བའི་ཚེས་གཉིས་ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་དུས་ཆེན་གྱི་བདེ་འཇགས་བྱ་བའི་བྲེལ་མྱུར་གྲོས་ཚོགས་བསྡུས་ནས། རིག་གནས་དང་གནས་སྐོར་པུའུ་ཡི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་ཀྱི་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དུས་ཆེན་སྐབས་ཀྱི་རིག་གནས་དང་གནས་སྐོར་བདེ་འཇགས་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་དང་ལག་བསྟར་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་ལས་ཁུངས་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་མཐོ་ཚད་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་གཙོར་འཛིན་པ་དང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལྗོངས་རྒྱུ་ཁུལ་དང་གནས་སྐོར་སྐར་རིམ་མགྲོན་ཁང་། མཉམ་འབྲེལ་དྲ་རྒྱའི་དྲ་ཐོག་ཞབས་ཞུ་ཡུལ་གནས། གླུ་གར་རྩེད་འཇོ་ཡུལ་གནས། འཁྲབ་སྟོན་བྱེད་ས། རིག་དངོས་གནའ་བོའི་བཟོ་སྐྲུན་དང་རྟེན་མཛོད་གླིང་སོགས་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཚད་མཐའ་བརྟན་སྲུང་བྱེད་པ་དང་། འཕྲལ་བསྟུན་དང་འགྲིམ་འགྲུལ། བདེ་འཇགས། ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་དང་སུས་ཆོག་མཆན་བཀོད་ན་སུས་འགན་ཁུར་བ་དང་སུས་ཚོང་གཉེར་བྱས་ན་སུས་འགན་ཁུར་བའི་རྩ་དོན་ལྟར། མེ་གསོད་བདེ་འཇགས་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། བདེ་འཇགས་ཉེན་ཁ་ཡོད་པའི་ཡུལ་གནས་ཀྱི་སྒོ་རྒྱག་དགོས། རིམས་ནད་ཚོད་འགོག་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་གནད་ཕིགས་ཚོད་འགོག་དང་བྱེ་བྲག་གི་འཕྲལ་བསྟུན་ཐག་གཅོད་གཉིས་ཟུང་འབྲེལ་བྱེད་པ། རིམས་ནད་ཚོད་འགོག་བྱེད་ཐབས་ལག་བསྟར་བྱེད་པ། རིམས་ནད་ཚོད་འགོག་འགག་སྒོ་སྔ་སྣུར་བྱེད་པར་སྐུལ་འདེད་གཏོང་བ། གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་མི་གྲངས་ཚོད་འཛིན་རྐྱེན་སྲོལ་བཙུགས་ནས། དུས་ཐོག་ཏུ་ཉེན་ཁ་གསལ་འདེབས་ཁྱབ་སྒྲོག་བྱེད་དགོས་ཟེར།

                                                                                                                    ལོ་ཙཱ་བ། རིན་ཆེན་མཚོ།