མཚོ་སྔོན་ཞིང་ཆེན་གྱིས་ཁུ་ནུ་འཆད་སྟེགས་སྐབས་བཅུ་བ་བསྡུས།
2020.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་། མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་ཁུར་ནས་བསྒྲུབ་པའི2020ལོའི་ཁུ་ནུ་འཆད་སྟེགས་སྐབས་བཅུ་བ་དང་མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མུ་འབྲེལ་ཆེད་དོན་འཆད་ཁྲིད་དངོས་སུ་བསྡུས་འགོ་བརྩམས། སྔོན་ཆད་ཀྱི་གཉིས་གཉིས་གཅིག་རྟེན་གཞིའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྩྭ་ཐང་ལས་བཟོ་བའི་ཚགས་པར་གྱི་གཙོ་སྒྲིག་པ་ལུའུ་ཝུན་ཡན་གྱིས་གདན་འདྲེན་ཞུས་པ་ལྟར་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་སྐོར་ཞིག་གི་ཏང་ཡོན་ལས་བྱེད་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚོགས་པ་སྐོར་ཞིག་གི་ལས་བྱེད་པས་མདེལ་གཉིས་སྐར་གཅིག་དགོངས་དོན་གྱི་བརྗོད་དོན་འཆད་ཁྲིད་ཕུན་སུམ་ཚོགས་པ་བྱས།

ལུའུ་ཝུན་ཡན་གྱིས་རང་ཉིད་ཀྱི་མྱོང་ཚོར་དང་མཉམ་དུ་འཆད་ཁྲིད་ལ་ཞུགས་པའི་མྱོང་ཚོར་བ་འགའ་དང་ཡུལ་དངོས་ཀྱི་ཉན་མཁན་རྣམས་ལ་ལན་འདེབས་པའི་ཁྲོད་འཆད་ཁྲིད་ལ་ཞུགས་པའི་སློབ་མ་རྣམས་ལ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འགྲེལ་བཤད་གསལ་བོ་བྱས། འཆད་ཁྲིད་ལ་ཞུགས་པའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་སློབ་མ་ཚོས་མཐའ་གཅིག་ཏུ་བསྟན་དོན། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་ལག་བསྟར་ནི་དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་གྱི་ཕུགས་འདུན་དང་ཁག་ཁུར་ཡིན། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་གཅིག་བསྡུས་མཚོན་བྱེད་ཡིན་ལ། ང་ཚོས་རྒྱུན་མ་ཆད་པར་གསར་གཏོད་དང་འབད་འཐབ་བྱེད་པའི་སྒུལ་ཤུགས་ཡིན། ན་གཞོན་རྣམས་ལ་མཚོན་ན། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སྣེ་ཁྲིད་དུ་བྱེད་པ་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་འབད་འཐབ་བྱེད་པ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་བརྟེན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ངར་ཤུགས་ཆེར་སྐྱེད་པ་བཅས་ནི་རིགས་སོ་སོའི་ན་གཞོན་གྱི་འགན་འཁྲི་རླབས་ཆེན་ཡིན་ལ། དུས་རབས་ཀྱིས་མི་རབས་འདིར་བཏོན་པའི་རེ་བ་རེད།

                                                                                                                          ལོ་ཙཱ་བ། རིན་ཆེན་མཚོ།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།