མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།
2020.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ས་ཆུ་ཤོར་བར་འགོག་བཅོས་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཆུ་བེད་པུའུ་ཡིས་འགྲེམ་སྤེལ་བྱས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་བའི་བརྡ་སྦྱོར་ལྟར། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཆུ་སྲུང་འཛིན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་ཚད་ལོ་གཅིག་ཡིན་ལ། ཁྱབ་ཁོངས་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་དང་གྲོང་ཁྱེར། ས་ཁུལ་སོ་དྲུག་བཅས་ཡིན། བཅོས་སྐྱོང་བྱེད་ཡུལ་ནི2011ལོའི་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་གྱི་ཆོག་མཆན་བཀོད་པ་དང་ཆོག་མཆན་འགོད་འོས་པའི་ས་ཆུ་སྲུང་འཛིན་ཇུས་གཞིའི་འཛུགས་སྐྲུན་བྱས་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་ཡིན། ཆེད་དོན་བཅོས་སྐྱོང་གིས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ཁྲོད་གནས་པའི་ཁྲིམས་འགལ་ལུགས་འགལ་སྤྱོད་ཚུལ་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། བྱ་བའི་རྩིས་ཐོ་བཙུགས་ནས། ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད།

                                                                                                                      ལོ་ཙཱ་བ། རིན་ཆེན་མཚོ།