དུས་ཆེན་གཉིས་ཀྱི་སྐབས་སུ་རང་ཞིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡིན་པ་དང་བདེ་འཇགས་སྒྲིག་ལམ་ཧ་ཅང་བཟང་།
2020.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་བའི་ཚེས་བརྒྱད་ཉིན་བར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡིན་ལ། བདེ་འཇགས་སྒྲིག་ལམ་བཟང་བ་དང་སྤྱི་ཐུན་བདེ་འཇགས་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་ལ། ལྗོངས་རྒྱུ་ས་ཁུལ་གྱི་སྒྲིག་ལམ་དམ་ཞིང་དུས་ཆེན་གྱི་རྣམ་པ་བཟང་བོ་གང་ལེགས་སྒོས་མངོན་པར་བྱས་ཡོད།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཆེན་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་ཚུལ་གསར་བ་དང་གནས་བབ་གསར་བར་དམིགས་ཏེ། ཉེན་རྟོག་པ་ཡོངས་ལ་སྐུལ་སློང་བྱས་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་གནས་གཏན་སྲུང་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཤིང་། ཏན་ཏན་ཏིག་ཏིག་སྒོས་རིམས་ནད་འགོག་བཅོས་ཀྱི་རྒྱུན་རྣམ་ཅན་གྱི་གནས་བབ་འོག་ཏུ་ཉེན་ཁ་འགོག་སྲུང་དང་བདེ་འཇགས་ཁག་ཐེག བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་སྒོས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱས། དུས་ཆེན་གཉིས་ཀྱི་ཉི་མ་རིང་ཞིང་འགྲོ་འོང་མི་སྣ་དང་རླངས་འཁོར་མང་པོའི་ཁྱད་ཆོས་ལ་དམིགས་པ་དང་། འགྲུལ་བ་འདུ་འཛོམས་བྱེད་པར་ཚོད་འཛིན་དང་བདེ་འཇགས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱེད་པ་གཙོ་གནད་དུ་བཟུང་སྟེ་ལྗོངས་རྒྱུ་ས་ཁུལ་དང་ཚོང་ར་སོགས་མི་སྣ་འདུ་འཛོམས་བྱེད་སའི་མི་སྣ་གོ་རིམ་ལྡན་པར་འཁོར་སྐྱོད་བྱེད་པ་དང་བདེ་འཇགས་སྐོར་གཡེང་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས་པས། དུས་ཆེན་གཉིས་ཀྱི་སྐབས་སུ་བདེ་འཇགས་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།