མཚོ་ནུབ་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྣེ་ཁྲིད་པ་བྱེད་རྒྱུའི་རེ་བ་བཏོན།
2020.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་སྔོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁུལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་བཅུ་དང་ཁུལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྣེ་ཁྲིད་བཅུ་གཏན་འབེབས་བྱས་པར་མ་ཟད་འགྲེམ་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་འཐབ་འཛིང་བཙན་རྫོང་དང་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་མྱུར་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་བཅུ་ནང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པ་དང་གཙོ་གཞི་འགན་འཁྲི་གཏན་ཁེལ་བྱེད་པ། འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་ཞིབ་དཔྱད་ཇེ་ཆེར་གཏོང་བ་དང་། རྩ་འཛུགས་བྱས་ནས་ཁ་བྱང་ལ་རི་བོ་གཉིས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བརྗོད་དོན་ཏང་ཉིན་མོའི་བྱ་འགུལ་སྤེལ་བ། ཏང་ཡོན་རྩ་འཛུགས་བྱས་ནས་ཁ་བྱང་ལ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་ལག་བསྟར་པ་དང་བྱེད་ན་ངས་ཅི་ཞིག་བསྒྲུབ་དགོས་པའི་ཆེད་དོན་ཞིབ་སྡུར་བྱ་འགུལ་སྤེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སློབ་གསོ་ལས་ཁུངས་དང་སློབ་གྲྭ གཞིས་ཁུལ། ཁེ་ལས། ཞིང་སྡེ་རུ་བསྐྱོད་པའི་བྱ་འགུལ་སྤེལ་ནས། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སློབ་སྦྱོང་སློབ་གསོ་ཡོངས་སུ་ཁེབས་པར་བྱེད་པ། གཞི་རིམ་མང་ཚོགས་ཀྱི་བརྩོན་སེམས་ཆེར་སྐྱེད་པ་དང་། མང་ཚོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་ཁྲོད་ཞུགས་པར་སློབ་གསོ་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་ཆ་འཕྲིན་དྲ་རྒྱ་བཙུགས་ནས། ཆ་འཕྲིན་བསྡུ་རུབ་ལ་ཤུགས་སྣོན་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ཏེ། རེ་རེ་བཞིན་དབྱེ་ཞིབ་བྱེད་པ་དང་། རིམ་པ་བཞིན་དག་ཐེར་ལེགས་བཅོས་བྱེད་དགོས། ཏང་ཀྲི་པུའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་བྱེད་པ་དང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་དུས་བཀག་ཡར་ཞུ་རྐྱེན་སྲོལ་འཛུགས་པ། མཉམ་བསྲེས་མཉམ་འབྲེལ་ལ་སྐུལ་འདེད་བཏང་སྟེ། ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ་བཅས་ཀྱི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།