ཉེ་སྔོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཞིང་བར་ཞབས་འདེགས་ཞུ་བ་དང་གཞི་རིམ་རིག་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་ཐུན་མོང་ཁྲོད་ཚུད་པའི་སྡེ་ཁག་གི་མིང་ཐོ་ཉིན་བདུན་ལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆི་ལེན་རྫོང་རིག་གནས་དཔེ་མཛོད་ཁང་དང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཧྲི་ཕོ་སྲང་ལམ་གཞིས་ཁུལ་རིག་གནས་བྱ་འགུལ་ལྟེ་གནས་གཉིས་རྫོམ་རིམ་པའི་རིག་གནས་ཁང་དང་དཔེ་མཛོད་ཁང་། ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས། སྡེ་བའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཁྲོད་བདམས་པ་དང་། མཚོ་ཤར་གྲོང་ཁྱེར་མཚོ་ཤར་དབྱི་ཞིན་ཟློས་གར་ཞིབ་འཇུག་སྒྱུ་རྩལ་ཚོགས་པ་དང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཧྭ་ཧའེ་མི་རིགས་སྒྱུ་རྩལ་ཚོགས་པ་གཉིས་གཞི་རིམ་རིག་གནས་སྒྱུ་རྩལ་ཚོགས་པའི་ཁྲོད་བདམས། ཧེ་ཡན་རྫོང་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་གཞི་རིམ་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་ཏུ་བདམས། རྨ་ཆེན་རྫོང་གློག་བརྙན་དོ་དམ་ས་ཚིགས་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁམས་སྐད་གློག་བརྙན་བསྒྱུར་སྐྲུན་ལྟེ་གནས་གཉིས་གཞི་རིམ་གློག་བརྙན་ཞབས་ཞུ་ཐུན་མོང་དུ་བདམས་ལ། ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཧེ་ཡན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་གཞི་རིམ་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་སྤྲོད་ཡོངས་ཁེབས་ལས་ཁུངས་སུ་ཁྲོད་བཞག ཧུའུ་ཀྲུང་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ཞའོ་ཀྲུང་སྡེ་བའི་ཞིང་ཁྱིམ་དཔེ་ཀློག་ཁང་དང་ཞིན་ཧྭ་འགྲེམ་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཏ་ཐུང་ཡན་ལག་ཀུང་ཟི་གཉིས་ཞིང་ཁྱིམ་དཔེ་ཀློག་ཁང་དང་གཞི་རིམ་དཔེ་ཆ་འགྲེམ་སྤེལ་སྡེ་ཁག་ཏུ་བདམས།
ལོ་ཙཱ་བ། རིན་ཆེན་མཚོ།