ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།
2020.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་བཅས་ནས་ཡོང་བའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གི་འགན་ཁུར་བློ་མཐུན་བཞི་བཅུ་གསོ་སྦྱོང་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཉིན་དྲུག་རིང་ལ་གསོ་སྦྱོང་བྱས་རྗེས། སློབ་མ་ཚོ་ཏ་པའེ་རི་བོའི་ལས་བྱེད་པའི་སློབ་གླིང་དུ་སོང་ནས་དུས་ཡུན་ཉིན་བདུན་རང་གི་ཏང་གཤིས་སློབ་གསོ་སྤེལ་རྒྱུ་རེད།

གསོ་སྦྱོང་ཐད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་འདུ་ཤེས་བཞི་འཛུགས་པ། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་ལས་བྱེད་པའི་ཆ་འཕྲིན་ཅན་བཀོལ་སྤྱོད། ལས་བྱེད་པ་རྒན་པའི་བྱ་བའི་སྲིད་ཇུས་ལས་སྒོའི་ཤེས་བྱ་སློབ་སྦྱོང་སོགས་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟེན་གཞི་སོགས་ཡུལ་དངོས་སློབ་ཁྲིད་བཀོད་སྒྲིག་བྱས། དེའི་དམིགས་འབེན་ནི་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྙན་རིས་སློབ་ཁྲིད། བརྗེ་རེས་ཞིབ་སྡུར་སོགས་སློབ་ཁྲིད་བྱེད་ཐབས་བརྒྱུད་དེ། སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གི་འགན་ཁུར་མི་སྣས་དགོངས་པ་གསར་བ་དང་འདུ་ཤེས་གསར་བ། བྱེད་ཐབས་གསར་བ་སྤྱད་དེ་ལས་བྱེད་པའི་བྱ་བར་མཛུབ་སྟོན་བྱེད་པ་དང་བྱ་བ་སྤེལ་བའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དང་ཁག་ཁུར་དྲག་པོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ལས་བྱེད་པ་རྒན་པའི་སྲིད་ཇུས་ཐོབ་ཐང་གཏན་ཁེལ་དང་ལག་བསྟར་ནན་མོ་བྱས་ཏེ། ལས་བྱེད་པ་རྒན་པར་གཟི་བརྗིད་བསམ་པ་དང་སྐྱིད་སྣང་། བདེ་སྣང་སྔར་ལས་མང་པོ་ཡོད་པར་བྱེད་རྒྱུ་དེ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།