མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་རྟེན་གཞི་ཐོག་མར་ཆོག་མཆན་ཐོབ།
2020.10.27 ཁུངས། མི་དམངས་དྲ་བ། ཀློག་གྲངས། 17

ཉེ་ལམ། ཚན་རྩལ་པུའུ་དཔལ་འབར་ལྟེ་གནས་ཀྱིས་སྐོར་གཉིས་པའི་རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཐོན་སྐྱེད་ནུས་པ་ཡར་སྐུལ་ལྟེ་གནས་ལ་ཆོག་མཆན་ཐོབ་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་རྟེན་གཞི་ཐོག་མ་རུ་གྱུར།

རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་རྟེན་གཞི་ལ་ཆོག་མཆན་བཀོད་པ་དེ་ནི། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ལག་རྩལ་སྤོ་བསྒྱུར་མ་ལག་འཛུགས་སྐྲུན་ཇུས་གཞིའི་གྲུབ་འབྲས་གལ་ཆེན་ལག་བསྟར་བྱེད་པ་དང་། ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འདྲེན་བྱེད་གལ་ཆེན་ཡང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་སྤོ་བསྒྱུར་ཤེས་ལྡན་མི་སྣའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་སྤོ་བསྒྱུར་བྱ་བར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཁུལ་ཁོངས་གསར་གཏོད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཐུབ།

                                                                                                                        ལོ་ཙཱ་བ། རིན་ཆེན་མཚོ།