རངཞིང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་དྲོད་འདོན་དངུལ་ཁ་ཚང་བར་བྱིན།
2020.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣས་དྲོད་ཁོལ་ལྡན་པའི་དགུན་ཁ་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་ཆེད། རང་ཞིང་གིས་དུས་ཐོག་ཏུ་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྔོན་དུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་དགུན་དུས་ལས་བཟོ་བའི་དྲོད་འདོན་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་དགུ་བྱིན་ནས། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་མི་སྣ་འབུམ་བཞི་དང་ཁྲི་བདུན་ལ་ཕན་བཏགས།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རིམས་ནད་འགོག་བཅོས་སྐབས་སུ་འཕྲི་མེད་དལ་གསུམ་གྱི་སྤྱི་ཚོགས་ཉེན་སྲུང་མ་དངུལ་དང་མ་རྩ་ཉུང་བསྡུ་ཡི་གནས་བབ་འོག ནོར་སྲིད་སྡེ་ཁག་དང་མཐུན་སྦྱོར་ནན་མོ་བྱས་ནས། ཁ་གསབ་མ་དངུལ་སྟེར་བའི་གོ་རིམ་ཁྲོད། བྱ་བའི་བརྒྱུད་རིམ་ལེགས་བསྒྱུར་བྱས་པ་དང་། སྔོན་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་མ་དངུལ་བགོ་བཤའ་རེའུ་མིག་སྒྲིག་བཟོ་བྱས་ནས། དངུལ་ཁང་སྡེ་ཁག་གིས་མ་དངུལ་གྲ་སྒྲིག་བཟང་བོ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འགན་སྒྲུབ་ལས་ཁུངས་ཀྱིས་འབྲེལ་ཡོད་དངུལ་བགོ་གྲ་སྒྲིག་བྱེད་པ། དྲོད་འདོན་མ་དངུལ་འབྱོར་བའི་ཉིན་དེར་གྲོང་ཁྱེར་དང་ཁུལ་སོ་སོར་སྟེར་བ་དང་། ཉིན་གཉིས་པར་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ས་ཁུལ་དང་རྫོང་སོ་སོར་སྟེར་ཐུབ་པར་བྱེད་པ་དང་། དེ་དང་མཉམ་དུ། ལས་སྒོ་མ་ལག་དང་སྤྱི་དངུལ་སྟེགས་བུ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགན་སྒྲུབ་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཁ་གསབ་དྲོད་འདོན་མ་དངུལ་སྟེར་བར་སྐུལ་འདེད་བཏང་སྟེ། དྲོད་འདོན་མ་དངུལ་དུས་ཆེན་གཉིས་ཀྱི་སྔོན་དུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་ལག་ཏུ་སྟེར་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།