ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་ཞིབ་སྡུར་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།
2020.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 110

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བསྡུས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་འཛིན་གྲྭ་སྐབས་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཐིན་དང་ཁྲུའུ་རིམ་པའི་ལས་བྱེད་པ་བཞི་བཅུ་གསོ་སྦྱོང་ལ་ཞུགས། གསོ་སྦྱོང་འཛིན་གྲྭ་ཉིན་བཅུ་ལ་བསྡུ་རྒྱུ་ཡིན་ལ། དེའི་ཁྲོད་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཉིན་གསུམ་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཉིན་བདུན་ལ་གསོ་སྦྱོང་བྱེད་རྒྱུ་རེད།

སྐབས་འདིའི་ཞིབ་སྡུར་འཛིན་གྲྭ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གཤིས་སློབ་གསོ། འཐས་ཇུས་དང་ཇུས་ཆོད་གལ་ཆེན་སོགས་མ་དཔེ་ཆེན་པོ་གསུམ་གྱི་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ཡོད། སློབ་གྲྭའི་ནང་ཁུལ་གྱི་གསོ་སྦྱོང་དང་སློབ་གྲྭ་ཕྱིའི་གསོ་སྦྱོང་གཉིས་ཟུང་འབྲེལ་དང་། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་རང་སྦྱོང་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། སློབ་ཁྲིད་བྱེད་པ་དང་གྲུབ་ཚུལ་ཅན་གྱི་ཞིབ་སྡུར། ཡུལ་དངོས་སློབ་ཁྲིད། ཚན་ཆུང་བགར་ནས་ཞིབ་སྡུར་བྱེད་པ་སོགས་ཀྱི་སློབ་ཁྲིད་རྣམ་པ་སྤྱད་དེ། སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་གི་མ་ལག དགོངས་དོན་གྱི་ངོ་བོ་དང་ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་མཐོར་འདེགས་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོགས་སྒོས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་བྱས་ནས། འགོ་ཁྲིད་ལས་བྱེད་པས་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་གནད་དོན་དངོས་ཐག་གཅོད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད།

སློབ་མ་ཚོགས་མཐའ་གཅིག་ཏུ་བསྟན་དོན། གསོ་སྦྱོང་གི་གོ་སྐབས་གཅེས་སྤྲས་བྱེད་པ་དང་། སློབ་སྦྱོང་གི་རྣམ་འགྱུར་ཇེ་དྲང་དུ་གཏོང་བ། གཞུང་ལུགས་ཀྱིས་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་སློབ་སྲོལ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་ཁྲོད་ནུས་པ་ཇེ་མཐོར་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་བློ་རིག་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

                                                                                                                           ལོ་ཙཱ་བ། རིན་ཆེན་མཚོ།