ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེ་རུ་སྤེལ་ནས་མཉམ་དུ་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ།
2020.11.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེ་རུ་སྤེལ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེ་རུ་སྤེལ་ནས་མཉམ་དུ་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཞང་ཧྭ་ཁྲིན་སྡེ་བ་བསྡུས།

ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་ཧ་ཅང་མང་ལ། དེའི་ཁྲོད་རིག་རྩལ་འཁྲབ་སྟོན་དང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་སྲོལ་ཡིག་གི་དྲིལ་སྒྲོག་པང་ལེབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་དང་དྲིས་ལན་སོགས་འདུ། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་དོན་སྨན་ཁང་གི་བྱ་འགུལ་ཡུལ་དངོས་སུ་ད་དུང་མང་ཚོགས་ལ་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་དང་རྒྱུན་སྤྱོད་སྨན་རྫས་སྟེར་བ། སྨན་བཅོས་བློ་འདྲི་དང་འོས་འགན་སྨན་བཅོས་འདོན་སྤྲོད་བྱེད་པའི་བྱ་འགུལ་སྤེལ།

རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས། ཧྭ་ཁྲིན་སྡེ་བའི་མང་ཚོགས་ལ་གློག་རྡུལ་ཁྲག་ཤེད་འཇལ་བྱེད་པ་དང་དྲོད་ཚད་འཇལ་ཆས། རྒྱུན་སྤྱོད་སྨན་རྫས་སོགས་བྱིན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཚན་ཆུང་བགོས་ནས་ཏང་ཡོན་རྒན་པ་དང་དཀའ་ཁག་ཡོད་པའི་མང་ཚོགས། བུད་མེད་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དུ་འཚམས་འདྲི་བྱེད་པར་སོང་།

ལོ་ཙཱ་བ། རིན་ཆེན་མཚོ།