མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་མཉམ་ལས་མཉམ་འབྲེལ་རྐྱེན་སྲོལ་བཙུགས།
2020.11.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་གྱི་མཐུན་སྦྱོར་སྐུལ་སྤེལ་རྐྱེན་སྲོལ་འཛུགས་པ་དང་། ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། ལས་གཞི་གལ་ཆེན་གྱི་མ་དངུལ་མཉམ་བསྲེས་བྱེད་དཀའ་བའི་དཀའ་གནད་ཐག་གཅོད་ཆེད། ཉེ་ལམ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་སོགས་ཀྱིས་མཉམ་འབྲེལ་སྒོས་ལས་གཞི་གལ་ཆེན་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་ཀྱི་མཉམ་ལས་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ཕྱིར་བཏོན།

དངུལ་རྩའི་ལས་ཁུངས་ཀྱིས་བཏོན་པའི་མིག་སྔའི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་བྱེད་ཚད་མི་འདང་བ་དང་། སྲིད་ཇུས་ཆ་འཕྲིན་དོ་མི་མཉམ་པ། དངུལ་བསྲེས་བྱེད་ཚད་དལ་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། དངོས་སུ་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཅིག་འགྱུར་འགོ་ཁྲིད་བྱས་ནས་འབྲེལ་ཡོད་སྲིད་འཛིན་མཆན་འགོད་སྡེ་ཁག་དང་དངུལ་རྩའི་སྡེ་ཁག ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གལ་ཆེན་མཆན་འགོད་དང་ཡིད་རྟོན་དངུལ་བུན་མ་དངུལ་མཉམ་བསྲེས་བྱེད་པ་སོགས་ཕྱོགས་ཀྱི་དཀའ་གནད་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་སྔོན་ཐོན་ཉམས་མྱོང་བྱེད་ཐབས་སློབ་སྦྱོང་དང་དཔེ་གཞིར་འཛིན་པའི་རྨང་གཞིའི་སྟེང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ལས་གཞི་གལ་ཆེན་གྱི་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་ཀྱི་མཉམ་ལས་མཉམ་འབྲེལ་རྐྱེན་སྲོལ་གྱི་ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། དེའི་དམིགས་འབེན་ནི་ལས་གཞིའི་གསལ་ཕྲར་་དོ་དམ་བྱེད་པ་དང་ལྗང་མདོག་གི་ལམ་བུ་འཛུགས་པ་དང་མཆན་འགོད་བྱེད་པ། རྒྱུད་རིམ་ལེགས་བསྒྱུར་བྱེད་པ། སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་འབྲེལ་མཐུན་སྦྱོར་དང་བཀོད་གཏོང་ལྟ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱོད་པ་བརྒྱུད་དེ། སྔོན་དུས་ཀྱི་མཆན་འགོད་དང་ཡིད་རྟོན་དངུལ་བུན་དང་མ་དངུལ་མཉམ་བསྲེས་ཀྱི་མཉམ་ལས་ཤུགས་འདོན་དང་མཉམ་འབྲེལ་མཆན་འགོད་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། སྟོབས་ཤུགས་ཡོད་རྒུས་ལས་གཞིའི་སྔོན་དུས་ཀྱི་མཆན་འགོད་ལམ་ལུགས་དང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཉམ་བསྲེས་ཕན་མཐོ་བའི་སྒོ་ནས་ལག་བསྟར་བྱེད་པ། ལས་གཞི་གལ་ཆེན་གྱི་མ་དངུལ་མཉམ་བསྲེས་ཐད་ཀྱི་གནད་དོན་ཐག་བཅད་དེ། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་དེ་ཡིན།

ལོ་ཙཱ་བ།  རིན་ཆེན་མཚོ།