མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
2020.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ནས། ཤུགས་ཆེན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཞུགས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་པའི་བྱེད་ཐབས་གང་མང་སྤྱད་པ་བརྒྱུད་དེ། སྤྱི་ཚོགས་ཡོངས་རྒྱུན་མཐུད་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་མང་ཚོགས་རྩ་འཛུགས་བྱས་པ་དང་། ཁྱད་པར་དུ་རྒྱ་ཆེ་བའི་སྨན་བཅོས་མི་སྣ་དང་གཞིས་ཁུལ་གྱི་ལས་བྱེད་པ། སྤྱི་བདེ་དམངས་དམག་བཅས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་བར་སྐུལ་མ་བཏང་ནས། རང་རྟོགས་སྒོས་རང་འཁྲིའི་ལས་དོན་ཕྲག་སྟེང་དུ་ལེན་རྒྱུ་དང་རང་རྟོགས་ཡོད་པའི་སྒོ་ནས་རང་ཉིད་ཀྱི་སྟོབས་ཤུགས་ཅི་ཡོད་ཕུལ་བར་བརྟེན། མཛེས་པའི་ཁྱིམ་གཞིས་སྲུང་སྐྱོབ་ཐད་སྟོབས་ཤུགས་ཅི་ཡོད་ཕྱོགས་གཅིག་ཏུ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། རིམས་འགོག་དཔའ་བོ་མིག་དཔེར་བཟུང་ནས། རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་དགོས། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་མིག་དཔེ་རུ་འགྱུར་བར་བརྩོན་ལེན་བྱེད་པ། ཀུན་གྱི་སྔུན་ནས་གདོང་མཆོང་གི་ཚབ་བྱེད་པ། ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོར་བརྟེན་ནས་མུ་མཐུད་མདུན་དུ་སྐྱོད་དེ། ལས་རིགས་སོ་སོའི་འཕེལ་རྒྱས་ལ་རྣམ་པ་གསར་པ་བསྐྲུན་དགོས་པར་མ་ཟད། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་འཐབ་བྱས་ནས་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།