​མཚོ་བྱང་ཁུལ་གྱིས་ལྟ་སྐུལ་མཛུབ་ཁྲིད་ཞིབ་ཕྲ་བྱས་ནས་སྡེ་བ་རིམ་པའི་སྐབས་བརྗེའི་ལས་དོན་ལ་སྐུལ་འདེད་བཏང་།
2020.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

      ད་ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་གསུམ་གྱི་བྱེད་ཐབས་སྤྱད་ཏེ་ཁུལ་དང་རྫོང་རིམ་པས་ལྟ་སྐུལ་མཛུབ་ཁྲིད་ཞིབ་ཕྲ་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བས་སྐུལ་འདེད་ཏན་ཏིག་བཏང་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་ལས་དོན་བདེ་ལེགས་འབྱུང་བར་སྐུལ་འདེད་བཏང་།

      མཐིལ་རྟོགས་བརྟག་དཔྱད་གནས་ཚུལ་ཁྱོན་ཡོངས་ནས་ཤེས་པར་བྱས་ནས། མཚོ་བྱང་ཁུལ་གྱིས་རྫོང་དང་ཡུལ་ཚོ། སྡེ་བ་ཡོངས་ལ་བརྟག་དཔྱད་བྱས་ཏེ། གནས་ཚུལ་ལ་རྒྱུས་ལོན་གསལ་བོར་བྱས་པ་དང་། སྔོན་ལ་དག་ཐེར་དང་དེའི་རྗེས་སྐབས་བརྗེ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཀྱི་རྨང་གཞིའི་སྟེང་བརྗོད་དོན་སློབ་གསོའི་རིང་གྲལ་བཤེར་བྱས་པའི་ནུས་མེད་ཁ་ཐོར་གྱི་སྡེ་བ་ཉེར་བཞི་ལ་ཕྱིར་མིག་ལྟ་བའི་བྱེད་སྒོ་སྤེལ་བ་དང་། ད་ལོར་གྲལ་བཤེར་བྱས་པའི་ནུས་མེད་ཁ་ཐོར་ཀྱི་ཏང་རྩ་འཛུགས་དྲུག་ལ་གནད་དོན་དང་འགན་འཁྲི། ལས་འགན། དུས་བཀག་བཅས་གསལ་ཐོ་བཞི་བཟོས་ཏེ།  རྒྱུན་རྣམ་ཅན་གྱི་སྒོ་ནས་ནུས་མེད་ཁ་ཐོར་གྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་སྲ་བརྟན་གྱི་ལས་དོན་སྒྲུབ་སྟེ།  སྡེ་བའི་སྐབས་བརྗེའི་བྱ་བ་ལེགས་འགྲུབ་བྱུང་བར་རྨང་གཞི་བརྟན་པོ་བཏིངས།

       འོས་མི་གསོག་འཇོག་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པར་མ་ཟད། འགུལ་རྣམ་གསོག་འཇོག་བྱས་ནས་སྡེ་བ་རིམ་པའི་རྗེས་སྣོན་ལས་བྱེད་པ་ཆིག་སྟོང་དྲུག་བརྒྱ་ང་གཅིག་དང་། སྡོད་ཁུལ་རྗེས་སྣོན་ལས་བྱེད་པ་ཉིས་བརྒྱ་སོ་གསུམ་གསོ་སྐྱོང་བྱས་པ་མ་ཟད། རྫོང་རིམ་པའི་མཉམ་འབྲེལ་ཞིབ་བཤེར་དང་རྫོང་རིམ་པའི་ཐོ་འགོད་སྙན་སེང་། སློབ་གསོའི་གསོ་སྦྱོང་དང་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལམ་སྲོལ་ལག་བསྟར་ནན་མོ་བྱས་ཏེ། རིག་གནས་ཆུ་ཚད་མཐོ་བ་དང་ཆབ་སྲིད་བསམ་བློ་བཟང་བ། སྣེ་ཁྲིད་ཀྱི་ནུས་པ་ལྡན་པ། མང་ཚོགས་ཀྱི་རྨང་གཞི་བཟང་བའི་འཇོན་མི་སྡེ་བའི་རྗེས་སྣོན་ལས་བྱེད་པའི་གྲས་སུ་བཞག

                                                                                                                         ལོ་ཙཱ་བ། མི་ཕམ་མགོན་པོ།