མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁུངས་ཀྱི་འཆར་འགོད་མ་ལག་རགས་ཙམ་གྲུབ།
2020.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉིས་སྟོང་བཅུ་བདུན་ལོར་ཚོད་ལྟ་བྱས་པ་ནས་བཟུང་། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་བྱ་བའི་བཀོད་སྒྲིག་ལྟར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའུ་ཡིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་གཞི་སྒྲིག་བཟོའི་ལས་དོན་མགོ་བརྩམས་པར་མ་ཟད།  མདོ་ལ་རི་བོའི་རྒྱབ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་འབྲེལ་ཡོད་སྒྲིག་བཟོའི་ལས་དོན་སྔོན་ལ་སྤེལ་ནས། ས་ཁུལ་གཅིག་གི་སྤྱིའི་སྒྲིག་སྲོལ་དང་ཆེད་དམིགས་འཆར་འགོད་ལས་འགན་བརྒྱད་གཏན་ཁེལ་བྱས།  ཉེ་བའི་ལོ་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས། ཐེངས་གང་མང་ལ་བསམ་འཆར་བསྡུ་ལེན་དང་ཡུལ་དངོས་ལྟ་ཞིབ་བྱེད་པ་དང་། བཟོ་བཅོས་ལེགས་བསྒྱུར་བཅས་ཀྱི་རྨང་གཞིའི་སྟེང་། ཕྱོགས་བསྡུས་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོབ། རང་བྱུང་སློབ་གསོ། སྡོད་ཁུལ་འཕེལ་རྒྱས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ། དམིགས་བསལ་གྱི་ཚོང་གཉེར།  ཚན་རིག་ཞིབ་འཇུག་ལྟ་ཞིབ། སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་སོགས་བརྗོད་གཞིར་གྱུར་བའི་ཕྱོགས་ཡོངས་ཀྱི་འཆར་འགོད་མ་ལག་ཐོག་མར་གྲུབ།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆྭང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རིམ་པ་རྗེས་མར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའུ་ཡིས་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་དཔར་ཏེ་བཀྲམས་པའི《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྤྱིའི་འཆར་འགོད》ཀྱི་དགོངས་དོན་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། ཆེད་དམིགས་འཆར་གཞི་སྒྲིག་བཟོའི་རིགས་པས་ཁུངས་སྐྱེལ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་རྒྱུ་མ་ཟད། ཆེད་དམིགས་འཆར་གཞི་སྒྲིག་བཟོའི་གོ་རིམ་ཁྲོད། དོ་དམ་སྒྲིག་སྲོལ་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྲུན། སྡོད་ཁུལ་འཕེལ་རྒྱས་ཐད་འཆར་འགོད་གཅིག་གྱུར་དང་ཇུས་འགོད་ཞིབ་མོ་བྱས་ཏེ། ས་གནས་ཀྱི་འཆར་འགོད་དང་ཟུང་འབྲེལ་ནུས་ལྡན། ཆེད་དམིགས་འཆར་འགོད་ཀྱི་གྲུབ་འབྲས་སྔར་ལས་ལུགས་མཐུན་ཡོང་བ་དང་། ཆེད་དམིགས་འཆར་འགོད་ལ་ཚན་རིག་རང་བཞིན་དང་མིག་རྒྱང་རང་བཞིན་མངོན་པར་བྱེད་དགོས།

                                                                                                                     ལོ་ཙཱ་བ། མི་ཕམ་མགོན་པོ།