རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་སྟེ་རང་ཞིང་གི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་སྒྲིག་ཆས་ལས་གཞིའི་ཐད་ལ་རྒྱབ་སྐྱོར་བྱས།
2020.12.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་བྱས་པ་བརྒྱུད། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་སྒྲིག་ཆས་ལས་གཞིའི་ཐད་ལ་ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་བཏང་སྟེ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་གྱི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་སྒྲིག་ཆས་ལས་གཞི་ལྔ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་སྒྲིག་ཆས་ལས་གཞི་ལྔ་བོ་དེ་ལག་བསྟར་བྱས་རྗེས། རང་ཞིང་གི་སྨན་བཅོས་འཕྲལ་སྒྲུབ་གསོག་འཇོག་སྒྲིག་ཆས་ཀྱི་ཞན་ཆའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་མ་ལག་མྱུར་དུ་ཆགས་པར་བྱེད་པ། རང་ཞིང་གི་སྨན་བཅོས་འཕྲལ་སྒྲུབ་དངོས་རྫས་འགན་སྲུང་ནུས་པ་དང་གློ་བུར་དུ་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་ཁ་གཏད་ཐག་གཅོད་ནུས་པ་སྔར་ལས་ཇེ་ཆེར་འགྲོ་ངེས་རེད།

                                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།