ད་ལོར་རང་ཞིང་གི་འབྲུ་རིགས་སྤྱིའི་ཚད་སྤྱི་རྒྱ་ཐེར་འབུམ་གཅིག་ལྷག་ལ་སླེབས།
2020.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གི་ཞིང་ལས་ལོ་ཏོག་ཐད་ནས་ཉམས་དགའ་བའི་གྲུབ་འབྲས་ཐོབ་ཅིང་། ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་དང་། སྔོན་དཔག་བྱས་ན་ད་ལོར་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་སྤྱི་རྒྱ་ཐེར་འབུམ་གཅིག་ལྷག་ལ་སླེབས་ནས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལྷག་འགྲུབ་བྱས།

ཉིས་སྟོང་ཉི་ཤུ་ལོར་ཞིང་ལས་ཞིང་སྡེ་པུའུ་ཡིས་རང་ཞིང་ལ་འབྲུ་རིགས་འདེབས་རྒྱ་སྤྱི་ཆིང་འབུམ་གཉིས་དང་ཁྲི་བརྒྱད་དང་འབྲུ་རིགས་སྤྱིའི་ཐོན་ཚད་སྤྱི་རྒྱ་ཐེར་འབུམ་གཅིག་ལྷག་གི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་མཚོ་སྔོན་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་ནས་དཔེ་འཐེན་ཞིབ་བཤེར་འདེད་རྩིས་བྱས་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་སུ་འབྲུ་རིགས་འདེབས་རྒྱ་སྤྱི་ཆིང་འབུམ་གཉིས་དང་ཁྲི་དགུ་སླེབས་པ་དང་སྔོན་དཔག་བྱས་ན་འབྲུ་རིགས་སྤྱིའི་ཐོན་ཚད་སྤྱི་རྒྱ་ཐེར་འབུམ་གཅིག་ལྷག་ལ་སླེབས་ཡོད་པས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དང་བསྡུར་ན་སོ་སོར་སྤྱི་ཆིང་ཁྲི་གཅིག་དང་སྤྱི་རྒྱ་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་འཕར་སྣོན་བྱུང་བ་དང་། གཞི་ཁྱོན་དང་ཐོན་ཚད་ཕྱོགས་ནས་དམིགས་འབེན་དང་ལས་འགན་ལྷག་འགྲུབ་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།