རང་ཞིང་གི་རྫོང་དགུ་ཡིས་ཞིང་ལས་ལོ་ཏོག་གི་ཐོན་སྐྱེད་བརྒྱུད་རིམ་ཕལ་ཆེར་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས།
2020.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་ལྔ་བའི་ཐོག་མར་ཞིང་ལས་ལོ་ཏོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་ཕལ་ཆེར་མངོན་འགྱུར་བྱས་པའི་དཔེ་སྟོན་རྫོང་གི་མིང་ཁྱབ་སྒྲོག་བྱས་པ་དང་དེའི་ནང་དུ་རང་ཞིང་གི་ཐུན་ཏེ་རྫོང་དང་ཁྲི་ཀ་རྫོང་གཉིས་ཡོད། དེ་དང་བསྟུན་ནས་རང་ཞིང་གི་ཐོག་མར་ཞིང་ལས་ལོ་ཏོག་གི་ཐོན་སྐྱེད་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་ཕལ་ཆེར་མངོན་འགྱུར་བྱེད་པའི་དཔེ་སྟོན་རྫོང་ཁག་དགུ་ལ་སླེབས་ངེས་རེད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གིས་ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་ལས་སྒྲིག་ཆས་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་འཕར་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འཁེལ་བྱས། ཞིང་ལས་སྒྲིག་ཆས་ཉོ་སྡུད་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ཏེ། བསྡོམས་པས་ཞིང་ལས་སྒྲིག་ཆས་ཉོ་སྡུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་ལྔ་ལྷག་གཏོང་བར་སྣེ་ཁྲིད་བྱས་ནས། རིགས་མི་འདྲ་བའི་ཞིང་ལས་འཕྲུལ་ཆས་ཁྲི་ལྔ་ལྷག་ཉོས། ཞིང་ཆེན་ཡོངས་སུ་ཞིང་ལས་སྒྲིག་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་ལྔ་ལ་སླེབས་པ་དང་། རིགས་མི་འདྲ་བའི་འཕྲུལ་འཁོར་འབུམ་གཉིས་དང་ཁྲི་བདུན་དང་ཆ་ཚང་སྒྲིག་ཆས་འབུམ་གསུམ་དང་ཁྲི་བཞི་ཡོད། 

ལོ་ཙཱ་བ། བཀྲ་ཤིས་འབུམ།