ཞིང་ཆེན་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣར་གྲོས་འགོ་བཏོན།
2020.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པའི་གཟེངས་བསྟོད་གྲོས་ཚོགས་སྐབས་ལྔ་བའི་སྟེང་། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་འཛུགས་སྐྲུན་པ་ཡོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣར་གྲོས་འདོན་ཡི་གེ་བསྒྲགས་ནས། ཚང་མས་རྒྱལ་གཅེས་དང་ལས་བཀུར། ཁྲིམས་སྲུང་། ཡིད་རྟོན། བྱས་རྗེས་ཀྱི་ཕུལ་བྱུང་འཛུགས་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲུབ་འབྲས་སྔར་ལས་བཟང་པོས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་འབོད་སྐུལ་བཏང་།

གྲོས་འདོན་ཡི་གེའི་ནང་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ། རྒྱལ་གཅེས་ལས་བརྩི་ཡི་དཔེ་མཚོན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། རང་འགུལ་གྱིས་འཕེལ་རྒྱས་གསར་བ་དང་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། མི་སྒེར་གྱི་ཕུགས་བསམ་དང་ཀྲུང་གོའི་ཕུགས་འདུན་གཉིས་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས། ཁྲིམས་སྐྱོང་འདུ་ཤེས་ལག་བསྟར་བྱེད་པ་དང་། ཁྲིམས་སྲུང་བདག་གཉེར་གྱི་དཔེ་མཚོན་བྱེད་དགོས། ཁྲིམས་སྐྱོང་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། རང་རྟོགས་སྒོས་བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་རྒྱུས་ལོན་བྱེད་པ། བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། ཁྲིམས་ལྟར་བདག་གཉེར་བྱེད་པ་དང་ཁྲིམས་ལྟར་ཁེ་ལས་བཅོས་སྐྱོང་བྱེད་དགོས། སྲིད་ཚོང་འབྲེལ་བ་ཇེ་བཟང་དུ་གཏོང་བ་དང་། བློ་རྩ་གཅིག་སྒྲིམ་གྱིས་ཁེ་ལས་བསྒྲུབ་པ། སྒྲིག་ལམ་བརྩི་སྲུང་བྱས་ནས་ཚོང་གཉེར་བྱས་ཏེ། བཅའ་ཁྲིམས་བརྩི་སྲུང་དང་ཡིད་རྟོན་གཙོར་འཛིན་པའི་ཐད་ཀྱི་དཔེ་མཚོན་བྱེད་དགོས་ཟེར།

གྲོས་འདོན་ཡི་གེའི་ནང་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣས་ཕུལ་བྱུང་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་སྐྲུན་གསར་གཏོད་ཀྱི་དཔེ་མཚོན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། སྲོག་ཤིང་གནད་འགག་ལག་རྩལ་དང་ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཚད་ཆེ་རུ་གཏོང་དགོས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་བཟང་བོ་དང་དོ་དམ་བཟང་བོ། སྤུས་ལེགས་ཐོན་རྫས། སྤུས་ལེགས་ཞབས་ཞུ། སྤུས་ལེགས་ཁེ་ལས་ཀྱི་རིག་གནས་དར་སྤེལ་གཏོང་བའི་རྨང་གཞིའི་སྟེང་མིང་གྲགས་ཆེ་བའི་ཚོང་ཁང་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་དཔེ་མཚོན་དུ་བྱེད་དགོས། སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པའི་མཚན་སྙན་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དྲང་བདེན་དང་ཁེ་ཕན་གཉིས་མཉམ་དུ་འཛིན་སྐྱོང་བྱེད་པ་དང་དྲང་བདེན་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཕན་དགེ་སྒྲུབ་སོགས་ལས་དོན་དང་ཞིང་སྡེ་དར་སྤེལ་ཁྲོད་ཞུགས་པ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས། དུས་རབས་གསར་བའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་ཕྱུག་པོར་གྱུར་ཡང་ཀུན་སྤྱོད་བཟང་བ་དང་། ཕྱུག་པོར་གྱུར་ཡང་བྱམས་སེམས་ལྡན་པ། ཕྱུག་པོར་གྱུར་ཡང་འགན་ཁུར་ཡོད་པའི་སྣང་བརྙན་བཟང་བོ་བསྐྲུན་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།