ཁྲི་འདུ་རྫོང་གིས་རྒྱང་བསྟེན་སློབ་གསོའི་སྟེགས་བུར་བརྟེན་ནས་ཏང་གཤིས་སློབ་གསོར་ཤུགས་བསྣན།
2020.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཏང་ཡོན་སློབ་གསོའི་དོ་དམ་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་ཆེད།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་ནུས་ཡོད་སྒོས་ཐོན་ཁུངས་ལེགས་སྒྲིག་དང་།   བྱེད་ཐབས་མང་པོ་སྤྱད་དེ་རྒྱང་བསྟེན་སློབ་གསོ་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།   མིག་སྔར།  རྫོང་ཡོངས་སུ་བསྡོམས་པས་རྒྱང་བསྟེན་སློབ་གསོའི་ས་ཚིགས་སོ་ལྔ་བཀོལ་སྤྱོད་བྱེད་བཞིན་ཡོད།

ཁྲི་འདུ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སློབ་སྦྱོང་གི་འཆར་གཞི་གཏན་འབེབས་བྱས་པ་དང་།   ཏང་གི་ལས་དོན་ཁྱབ་བསྒྲགས་བྱེད་ས་དང་བྱ་བའི་སྐད་འཕྲིན་ཚོགས་པ།   རིག་སྟོབས་ཏང་འཛུགས་སོགས་བྱེད་ཐབས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་མང་ཚོགས་རྣམས་ཧུར་ཐག་གིས་རྒྱང་བསྟེན་སློབ་གསོའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས།   དེ་དང་མཉམ་དུ།   ཏང་ཡོན་རྒྱང་བསྟེན་སློབ་གསོ་དང་ཚོགས་འདུ་གསུམ་དང་གྲོས་ཚོགས་གཅིག   གཟའ་འཁོར་གཅིག་གི་སློབ་སྦྱོང་གཏན་ཁེལ་ཉིན་མོ་སོགས་ཟུང་སྦྲེལ་བྱས་ཏེ་དུས་བཅད་ལྟར་ཏང་ཡོན་རྩ་འཛུགས་ཀྱིས་གཅིག་བསྡུས་ལྟ་ཞིབ་སྤེལ་བ་དང་།   ཏང་ཡོན་གྱི་རིག་གཞུང་སྤུས་ཚད་དང་ཏང་གཤིས་གསོ་སྦྱོང་།   ཁྲིམས་སྐྱོང་བསམ་བློ་སོགས་ཤུགས་ཆེན་པོས་མཐོར་འདེགས་བཏང་།  རྒྱང་བསྟེན་སློབ་གསོའི་སྟེགས་བུའི་སྟེང་།   འཆར་གཞི་ཡོད་པའི་སྒོ་ནས་ཕྱུག་འགྱུར་བསམ་ཕྱོགས་སྐུལ་སློང་བྱེད་པ་དང་འཕེལ་རྒྱས་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་པའི་སྔོན་ཐོན་དཔེ་མཚོན་གྱི་ཆེད་སྒྲིག་གློག་བརྙན་བསྟན་ནས་རོང་འབྲོག་ཏང་ཡོན་གྱིས་དེང་རབས་ཞིང་ཕྱུགས་ལས་འདུ་ཤེས་འཛུགས་པར་སྐུལ་སློང་དང་སྣེ་ཁྲིད་བྱས་པ་དང་།   སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་གྲུབ་འབྲས་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།  རྒྱང་བསྟེན་སློབ་གསོའི་ས་ཚིགས་རེ་རེར་དོ་དམ་ཏང་ཡོན་གཅིག་དང་སྲུང་སྐྱོབ་མི་སྣ་གཅིག་བཀོད་སྒྲིག་བྱས་ཏེ་དུས་བཅད་ལྟར་ལས་སྒོའི་གསོ་སྦྱོང་སྤེལ་བཞིན་ཡོད་པར་མ་ཟད།  རྒྱང་བསྟེན་སློབ་གསོའི་བྱ་བ་ཀྲི་པུའུ་ཡི་གཞི་རིམ་ཏང་འཛུགས་བྱ་བའི་དཔྱད་ཞིབ་ཁྲོད་བཞག་ཡོད།

                                                                                                                               

 ལོ་ཙཱ་བ་ལྷ་མོ་ཚེ་རིང་།