ཏུའུ་ལན་རྫོང་གིས་སྡེ་བ་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ཐད་སྐུལ་འདེད་བཏང་།
2020.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་སྡེ་བ་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་བྱ་བ་སྤེལ་བའི་ཚུན་དུ། སྡེ་བ་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་བཟང་བོར་འདེམ་པ་དང་སྟོབས་ལྡན་དུ་བསྒྱུར་ཆེད། ཏུའུ་ལན་རྫོང་གིས་སྐབས་བརྗེ་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། སྡེ་བ་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ཐད་སྐུལ་འདེད་བཏང་།

ཏུའུ་ལན་རྫོང་གིས་སྡེ་བའི་ལས་བྱེད་པའི་ཡོན་ཚད་ཇེ་མཐོར་གཏོང་བའི་བཟོ་སྐྲུན་ལ་རྒྱབ་བརྟེན་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྗེས་སྣོན་ལས་བྱེད་པ་ལྔ་བཅུ་རྩ་འཛུགས་བྱས་ནས་སྡེ་བའི་ལས་བྱེད་པའི་ཡོན་ཚད་མཐོར་འདེགས་གཏོང་བའི་བཟོ་སྐྲུན་གྱི་སློབ་སྦྱོང་ལ་ཞུགས་པ་དང་། སྔ་གཞུག་ཏུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་ཉིས་བརྒྱ་དང་བཅོ་བརྒྱད་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་སོགས་གསོ་སྦྱོང་འཛིན་གྲྭར་ཞུགས་ཏུ་བཅུག སྲོལ་རྒྱལ་ལམ་བུ་དང་རིགས་གསར་བའི་སྨྱན་བྱད་མཉམ་འབྲེལ་བྱས་པའི་རྣམ་པ་སྤྱད་དེ། སྡེ་བ་རིམ་པའི་སྒྲ་དུང་དང་རྒྱང་བསྟེན་སློབ་གསོ་ས་ཚིགས་སོགས་སྨྱན་བྱེད་སྟེགས་བུ་བཀོལ་སྤྱོད་བྱས་ལ། བརྗོད་དོན་ཏང་ཉིན་མོ་དང་ཏང་ཡོན་ཚོགས་ཆེན་སོགས་ཀྱི་རྣམ་པར་རྒྱབ་རྟེན་ནས། སྡེ་དམངས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་སྐབས་བརྗེ་འདེམ་བསྐོའི་རྨང་གཞིའི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཀྱི་སྐབས་བརྗེ་འདེམ་བསྐོའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱུས་ལོན་བྱེད་པ་དང་། འདེམ་བསྐོའི་བྱ་བ་སྣ་ཚོགས་དང་སྐབས་བརྗེའི་སྒྲིག་ལམ་སོགས་འབྲེལ་ཡོད་རེ་བར་རྒྱུས་ལོན་བྱེད་པར་སྣེ་ཁྲིད་བྱས་ཏེ། སྐབས་བརྗེ་བྱ་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན།

ལོ་ཙཱ་བ། རིན་ཆེན་མཚོ།