རྒྱལ་ཡོངས་ཀྱི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་གྱི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་གཏན་འཁེལ་བྱས།
2020.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག་དངོས་སུ་གཏན་འཁེལ་བྱས། ཤེས་གསལ་ལྟར་ན། སྲོལ་ཡིག་དེ་རྒྱལ་ཡོངས་ཀྱི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་གྱི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་རེད། སྲོལ་ཡིག་གཏན་འཁེལ་བྱས་དེ་དཀའ་སྤྱད་སྒོས་སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས་ལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཐུས་ཚང་དུ་གཏོང་བ། མཁར་གྲོང་སྤུས་ཚད་མཐོར་འདེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དམིགས་ཚད་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་པར་མ་ཟད། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་བྱས།

སྲོལ་ཡིག་དེ་སྤྱིའི་རྩ་དོན་དང་འཆར་འགོད་དང་འཛུགས་སྐྲུན། སྲུང་སྐྱོབ་དང་འཕེལ་རྒྱས། བཅོས་སྐྱོང་དང་འགན་སྲུང་། བཅའ་ཁྲིམས་འགན་འཁྲི་དང་ཞར་བྱུང་དོན་ཚན་སོགས་ལེའུ་དྲུག་དང་དོན་ཚན་ང་བཞིའི་ནང་དོན་གྱིས་གྲུབ་པ་རེད།

ལོ་ཙཱ་བ། བཀྲ་ཤིས་འབུམ།