
ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། མཚོ་ལྷོ་ཁུལ་གྱིས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་བྱས་ནས། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པའི་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་སྤེལ་བས། ཁུལ་ཡོངས་ཀྱི་ཐོན་ལས་ཆེན་པོ་གསུམ་གྱི་གྲུབ་ཚུལ་མངོན་གསལ་སྒོས་ལེགས་སྒྲིག་བྱས།
ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། མཚོ་ལྷོ་ཁུལ་གྱིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་རྟེན་ནས། ནོར་གནག་དང་བོད་ལུག ནས། སྐེ་ཚེ་བཅས་ཐོན་ལས་ཆེན་པོ་བཞི་འཛུགས་སྐྲུན་བྱས་པ་དང་། རྣམ་པ་མང་པའི་གཞི་ཁྱོན་འོས་འཚམ་གྱི་ཚོང་གཉེར་འཕེལ་རྒྱས་སུ་བཏང་པས། ཞིང་ཕྱུགས་ལས་ཀྱི་སྤུས་འདེགས་ནུས་སྤེལ་གྱི་གོམ་སྟབས་མངོན་གསལ་སྒོས་ཇེ་མགྱོགས་སུ་སོང་བ་དང་། ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། ཐོན་ལས་ཅན་གྱི་འཕེལ་རྒྱས་ཆུ་ཚད་སྔར་ལས་ཇེ་མཐོར་སོང་།
དེར་མ་ཟད། མཚོ་ལྷོ་ཁུལ་གྱིས་ཆུ་ནུས་དང་འོད་ནུས། རླུང་ནུས་གསར་སྤེལ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། སྔ་གཞུག་ཏུ་བསྡོམས་པས་ནུས་ཁུངས་གསར་བའི་ཐད་དངུལ་གཏོང་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་བྱེ་བ་བདུན་ས་ཡ་ལྔ་བཏང་བ་དང་། དེས་སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་གི་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་དྲུག་ཟིན། དེའི་ཁྲོད། ཉི་འོད་ནུས་པའི་གློག་འདོན་ཐད་མ་དངུལ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བདུན་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་ལྔ་བཏང་བ་དང་། རླུང་ཤུགས་གློག་འདོན་ཐད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་དགུ་བཏང་། འོད་ནུས་དང་རླུང་ནུས། ཆུ་འོད་ཁ་གསབ་མཚོན་བྱེད་དུ་བྱས་པའི་ནུས་ཁུངས་གསར་བ་ལས་རིགས་ཁེ་ལས་བསྟུད་མར་མཚོ་ལྷོ་ཁུལ་དུ་བཅའ་སྡོད་བྱས་པ་དང་བསྟུན་ནས། དག་གཙང་ནུས་ཁུངས་དེ་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་ཐོན་ལས་གཙོ་བོར་གྱུར་ཡོད།
དེ་ལས་གཞན། མཚོ་ལྷོ་ཁུལ་གྱིས་རིག་གནས་གནས་སྐོར་གྱིས་ཞབས་ཞུ་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུས་རིག་གནས་གནས་སྐོར་ལ་འདེགས་སྐྱོར་བྱེད་པིའ་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་པ་དང་། རྨ་ཆུའི་གྲོག་ཆོང་ཆེན་མོ་གསར་སྤེལ་བྱས་ལ། རྩྭ་ཐང་རིག་གནས་སོགས་ཀྱི་གནས་སྐོར་ཐོན་ཁུངས་སྔོག་འདོན་བྱས་པ་དང་། རིམ་པ་བཞིན་མཚོ་སྔོན་པོ་དང་ཚ་རྔ་འགག་ལྗོངས་རྒྱུ་ཁུལ། ཁྲི་ཀའི་མཛེས་ལྗོངས་ཁུལ་བཅས་གཞི་གཅིག་ཅན་གྱི་རིག་གནས་གནས་སྐོར་ར་སྐོར་བཙུགས་པ་མ་ཟད། རིག་གནས་དང་ལུས་རྩལ་འགྲན་བསྡུར་སོགས་སྤེལ་བ་བརྒྱུད་དེ་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།