མཚོ་སྔོན་ཞིང་ཆེན་གྱི་སྐབས་ལྔ་བའི་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་རྩལ་ནུས་འགྲན་སྡུར་སྤེལ།  
2020.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན།  ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་།  ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་སོགས་སྡེ་ཁག་གིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་ལྔ་བའི་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་མི་སྣའི་རྩལ་ནུས་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།  གྲོང་ཁྱེར་དང་ཁུལ་སོ་སོ་དང་།   ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་ཀྱི་རུ་ཁག་དགུ་ཡི་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་མི་སྣ་སོ་བརྒྱད་འགྲན་བསྡུར་ལ་ཞུགས།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་གི་སྤྱིའི་ཟུར་ཁྲིད་མི་སྣ་དང་།  སློབ་གྲྭ་འབྲིང་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་མི་སྣ་བཅས་བསྡོམས་པས་མི་ཉིས་བརྒྱ་དང་དྲུག་ཅུ་ཡིས་ཡུལ་དངོས་ནས་འགྲན་སྡུར་ལ་བལྟས།

འགྲན་སྡུར་ལ་གཞུང་ལུགས་ཤེས་བྱའི་རྒྱུགས་ལེན་དང་ན་ཆུང་གདོང་ལེན་རུ་ཁག་གི་དཔེ་མཚོན་བྱ་འགུལ་འགྲེམ་སྟོན།  ན་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་གནས་ཚུལ་ཐད་ཀྱི་དྲི་བ་དྲིས་ལན།   ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་མི་སྣས་འཇོན་ནུས་འགྲེམ་སྟོན་བཅས་དུས་རིམ་བཞི་ཡོད། ཛ་དྲག་གི་འགྲན་སྡུར་བརྒྱུད་དེ།   ཟི་ལིང་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་ལ་ཨང་དང་པོ་དང་།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་ཨང་གཉིས་པ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་ཨང་གསུམ་པ་བཅས་ཐོབ།   ཀྲིག་ཏི་ཐུང་སོགས་ཟུར་ཁྲིད་པ་བཅུ་དྲུག་ལ་མི་སྒེར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ།

འགྲན་བསྡུར་ལ་ཞུགས་པའི་ཟུར་ཁྲིད་པ་དག་གིས་བསྟན་དོན།  འགྲན་བསྡུར་བརྒྱུད་དེ་ཆབ་སྲིད་ལངས་གནས་མཐོར་འདེགས་དང་།  མཐོང་རྒྱ་ཆེ་རུ་བསྐྱེད་པ།  བསམ་ཕྱོགས་གསར་སྐྲུན་དང་རྩལ་ནུས་མཐོར་འདེགས་བཏང་བར་མ་ཟད།  ན་ཆུང་གདོང་ལེན་རུ་ཁག་བྱ་བའི་གལ་ཆེན་རང་བཞིན་དང་དུས་རབས་འགན་འཁྲི་ཐད་ཀྱི་ངོས་ཟིན་སྔར་ལས་མཐོར་འདེགས་བཏང་བ་དང་།  ན་ཆུང་གདོང་ལེན་རུ་ཁག་བྱ་བ་བཟང་བོར་བསྒྲུབ་པའི་བརྩོན་སེམས་ཆེ་རུ་བསྐྱེད།   རྗེས་ཕྱོགས་རང་གི་བྱ་བའི་ལས་གནས་སྟེང་དུ།   ཐེངས་འདིའི་ཉམས་མྱོངབཟང་བོ་དང་བྱེད་ཐབས་བཟང་བོ་བཀོལ་སྤྱོད་བྱས་ཏེ།  སློབ་གྲྭའི་ན་ཆུང་གདོང་ལེན་རུ་ཁག་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

                                                                                                                          ལོ་ཙཱ་བ་ལྷ་མོ་ཚེ་རིང་།