མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།
2020.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ད་ལོའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་འཆར་འགོད་ཉར་གསོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་གི་སྲིད་ཇུས་དང་ལས་གཞི། མ་དངུལ་གྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཚེ་སྲོག་ཚད་ཐིག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།

མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་། ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་དང་་སྐྲུན་འགྲེམ་སྤེལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ནས་ཇུས་འགོད་བཟང་བོ་དང་སྤྱི་ཁོག་གི་འཆར་འགོད་བྱས་པ་དང་། 2025ལོའི་བར་གྱི་འབད་འཐབ་དམིགས་འབེན་གཏན་ཁེལ་བྱས་ལ། བྱ་བའི་གཙོ་གནད་དང་ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཏོན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ཐབས་དང་འདེགས་སྐྱོར་འགན་སྲུང་གཏན་ཁེལ་གསལ་བོ་བྱས།

དེ་དང་མཉམ་དུ། སྨན་བཅོས་ཐད་ཀྱི་གད་སྙིགས་ཐག་གཅོད་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་ཐབས་ཆེ་རུ་བཏང་བ་དང་། སྨན་བཅོས་ཐད་ཀྱི་གད་སྙིགས་གཅིག་བསྡུས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་བྱས་ལ། རྫོང་རིམ་པ་ཡན་གྱི་སྨན་བཅོས་གད་སྙིགས་ཁྱོན་ཡོངས་ནས་བསྡུ་བ་དང་ཐག་གཅོད་བྱེད་པའི་ཞབས་ཞུ་མ་ལག་བཙུགས་ཏེ། ལོ་གསུམ་ནང་རྫོང་རིམ་པའི་སྨན་བཅོས་གད་སྙིགས་ཐག་གཅོད་ཡོངས་སུ་ཁེབས་པ་བརྩོན་ལེན་བྱས། ཡིག་ཐོག་སྙན་ཞུ་བྱས་པའི་སྐོར་དང་པོའི་སྨན་བཅོས་གད་སྙིགས་ཐག་གཅོད་ལྟེ་གནས་རིམ་སྤོར་བསྒྱུར་བཀོད་ལས་གཞི་དང་ན་གོར་མོ་གྲོང་ཁྱེར་གྱི་སྨན་བཅོས་གད་སྙིགས་ལྟེ་གནས་རིམ་སྤོར་བསྒྱུར་བཀོད་ལས་གཞི། སྐོར་གཉིས་པའི་མང་ངེ་གྲོང་ཁྱེར་སྨན་བཅོས་གད་སྙིགས་ཉར་གསོག་འཁྱག་མཛོད་ལས་གཞི་བཅས་ཀྱི་ཀྲུང་དབྱང་མ་དངུལ་ཡོངས་རྫོགས་བརྩོན་ལེན་བྱས་པར་མ་ཟད་སྔོན་དུས་ཀྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ།

ལོ་ཙཱ་བ། རིན་ཆེན་མཚོ།