ད་ལོའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དཔལ་ཡོན་ཚད་ལྡན་སྒྲིག་ཁྲིམས་ལག་བསྟར་ལོའི་བྱ་འགུལ་བརྗོད་དོན་བྱས་ཏེ། ལས་བྱེད་པའི་ནུས་པའི་གསོ་སྦྱོང་དཔེ་དབྱིབས་གསར་སྐྲུན་བྱས་པས། ལག་ལེན་རྩལ་ནུས་གསོ་སྦྱོང་དང་སྔོན་ཐོན་ཉམས་མྱོང་བརྗེ་རེས་ཉམས་ལེན་གྱི་སྟོང་ཆ་གཉིས་མངོན་འགྱུར་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་།
མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཟླ་ཕྱེད་རེར་ཞིབ་བཤེར་རང་བཞིན་གྱི་རྒྱུགས་ཐེངས་གཅིག་བླངས་པར་མ་ཟད་སྡེ་ཁག་སོ་སོའི་བྱེད་སྒོའི་རྐང་འཛིན་པས་བསླབ་ཚན་འདེམས་ནས་སློབ་ཁྲིད་བྱས། ད་ལོའི་ཚུན་ལ། བསྡོམས་པས་ཆེད་དོན་སློབ་ཁྲིད་ཐེངས་བཞི་ལ་བྱས་པ་དང་ཆེད་དོན་ཚོད་ལྟའི་རྒྱུགས་ལེན་ཐེངས་ལྔ་ལ་བྱས་པས། སློབ་སྦྱོང་རྒྱུགས་ལེན་རྒྱུན་རྣམ་ཅན་དུ་ཆགས་པར་བྱས་པ་དང་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་།
དཔལ་ཡོན་ཚད་ལྡན་སྒྲིག་ཁྲིམས་ལག་བསྟར་ལོའི་བྱ་འགུལ་རྒྱ་ཆེར་སྤེལ་ཆེད། མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་སུ་འགྲན་ཞུགས་རུ་ཁག་དགུའི་རྐང་འཛིན་པ་ཉེར་བདུན་རྩ་འཛུགས་བྱས་ཏེ་གྱོད་དོན་ཐག་གཅོད་བྱེད་སྒོའི་དཔྱད་བསྡུར་དང་རྩལ་ནུས་འགྲན་བསྡུར་ལ་ཞུགས་པས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་སྒྲིག་ཁྲིམས་ལག་བསྟར་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་བཏང་། ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ལས་བྱེད་པ་བཅུ་གཉིས་བདམས་ཏེ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞུགས་པས། སྔོན་ཆད་སློབ་པ་ལས་མི་སྦྱོང་བ་དང་བཤད་པ་ལས་ལག་བསྟར་མི་བྱེད་པའི་རྣམ་པ་ལེགས་སྒྱུར་བྱས་པ་དང་། རྒྱ་ཆེའི་ན་གཞོན་ལས་བྱེད་པར་སློབ་སྦྱོང་དང་སྦྱོང་བརྡར་གྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།