འབྲི་ཆུའི་འགོ་ཁུངས་ར་བའི་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་འབྲེལ་འདྲིས་ས་ཚིགས་ཀྱི་སྒོ་བྱང་བཀལ།
2020.12.22 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འབྲི་ཆུའི་འགོ་ཁུངས་ར་བའི་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཡིས་ར་བའི་ཁུལ་དུ་སྡོད་པའི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་འབྲེལ་འདྲིས་ས་ཚིགས་བཙུགས་པ་མ་ཟད། སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཁྱོན་ཡོངས་དང་ཕན་པ་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཕན་ཞུ་གཏུག་ལྟ་སྐུལ་བྱ་བ་སྤེལ་བར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་ཆེད། འབྲི་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་དང་མཉམ་འབྲེལ་བྱས་ནས་སྤྱི་ཕན་ཞུ་གཏུག་འབྲེལ་འདྲིས་ས་ཚིགས་བཙུགས། ས་ཚིགས་དེ་ནི་འབྲི་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་བར་གསར་གཏོད་བྱེད་པའི་སྟེགས་བུ་གསར་བ་ཡིན་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ལས་ཁུངས་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པའི་ལག་ལེན་དངོས་ཀྱང་རེད།

གོ་རིམ་རྗེས་མར། འབྲི་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་དང་མཉམ་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཞིབ་དཔྱོད་གཉིས་མཉམ་འབྲེལ་བྱེད་པ་རྨང་གཞི་རུ་བྱས་པའི་ཞིབ་དཔྱོད་དང་གཞིས་ཁུལ་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཁྲོད་ཞུགས་པའི་རྐྱེན་སྲོལ་འཛུགས་པ་དང་། གནོད་བཟོ་བ་མཚམས་འཇོག་པ་དང་སྔོ་ཁེབས་ལྗང་བསྒྱུར་བྱེད་པ། ལས་ཀར་བརྟེན་ནས་སྐྱིན་ཚབ་འཇལ་བ་སོགས་ཀྱི་ཞུ་གཏུག་བརྒྱུད་དེ། སྐྱེ་ཁམས་ལ་གནོད་བཟོ་མཁན་གྱིས་སྐྱིན་ཚབ་འཇལ་བ་དང་ཕན་ཐོབ་མཁན་ཚོས་རིན་པ་སྟེར་བ། སྲུང་སྐྱོབ་པར་ཁ་གསབ་ཐོབ་པའི་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་འཁོར་རྒྱུག་རྐྱེན་སྲོལ་འཛུགས་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།