རང་ཞིང་དུ་རྒྱལ་ཡོངས་ཀྱི་མཚོ་བོད་ཚན་ཞིབ་ལས་གཞིའི་དོ་དམ་གསོ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་བསྡུས།
2020.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། ཚན་རྩལ་པུའུ་འཐབ་ཇུས་འཆར་འགོད་སི་དང་རྒྱལ་ཁབ་ཚན་རྩལ་རྨང་གཞི་ཆ་རྐྱེན་སྟེགས་བུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་རང་ཞིང་དུ་རྒྱལ་ཡོངས་ཀྱི་མཚོ་བོད་ཚན་ཞིབ་ལས་གཞིའི་དོ་དམ་གསོ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཐེངས་འདིའི་གསོ་སྦྱོང་ཚོགས་འདུས་ཡུལ་དངོས་དང་བརྙན་རིས་ཀྱི་རྣམ་པར་བརྟེན་པ་དང་། འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ཏེ་མཚོ་བོད་ཚན་ཞིབ་ལས་གཞིའི་དོ་དམ་དང་ཟུང་འབྲེལ་བྱས་ནས་སོ་སོར་རྒྱལ་ཁབ་ཚན་རྩལ་འཆར་འགོད་ཆེད་དོན་སྔོན་རྩིས་དང་མ་དངུལ་བཀོལ་སྤྱོད། མཚོ་བོད་ཚན་ཞིབ་གཞི་གྲངས་དོ་དམ་མཉམ་བསྲེས། ཚན་ཞིབ་ལས་གཞིའི་ཡིག་ཚགས་དོ་དམ་དང་ལག་ལེན། ཚན་རྩལ་སྙན་ཞུའི་ལམ་ལུགས་དང་རྩོམ་འབྲི་ཚད་ལྡན་སོགས་ཀྱི་ཐད་ནས་གསོ་སྦྱོང་བྱས།

ཞིང་ཆེན་ཚན་རྩལ་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་ལ་ཞབས་ཞུ་བཟང་བོ་བསྒྲུབ་པར་དམིགས་ཏེ། མཚོ་སྔོན་ལ་རྐང་འཛུགས་པ་དང་ཧུར་ཐག་སྒོས་དེའི་ཁྲོད་དུ་ཞུགས་ཤིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བཟང་བོ་བྱེད་པ་དང་ཞབས་ཞུ་ལེགས་པོར་བསྒྲུབ་པ་ཡིན། མཚོ་བོད་ཚན་ཞིབ་ཁྲོད་ཞུགས་ཐུབ་པའི་ཆེད་དོན་ལས་ཁུངས་དང་ཚན་ཞིབ་མི་སྣས་བརྗེ་རེས་མཉམ་ལས་རྒྱ་ཆེར་སྤེལ་བ་དང་། ཚན་ཞིབ་གྲུབ་འབྲས་ལེགས་སྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་བཏང་ནས། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཞབས་ཞུ་བཟང་བོ་བསྒྲུབ་དགོས།

བཀྲ་ཤིས་འབུམ་གྱིས་བསྒྱུར།