ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མེ་གསོད་མེ་འགོག་མྱུར་སྐྱོབ་རུ་ཁག་གིས་ཁོངས་གཏོགས་ཞིང་སྡེའི་མི་གྲངས་མང་བ་དང་མེ་གསོད་མེ་འགོག་གི་རྨང་གཞི་སྒྲིག་ཆས་མི་བཟང་བ། སྡེ་དམངས་ཀྱི་མེ་གསོད་མེ་འགོག་འདུ་ཤེས་ཞན་པ་སོགས་གནད་དོན་ལ་ཁ་གཏད་དེ། དགུན་དུས་ཞིང་སྡེའི་མེ་སྐྱོན་ཉེན་ཁ་རྟོག་སེལ་བྱ་བ་སྤེལ་ནས། དགུན་དུས་ཞིང་སྡེའི་མེ་འགོག་བྱ་བ་བཟང་བོར་བསྒྲུབས་པ་དང་། ཞིང་སྡེའི་མེ་སྐྱོན་རྣམ་པར་བཀག་འགོག་བྱས།
ཞིབ་བཤེར་ཁྲོད། མེ་གསོད་མེ་འགོག་མི་སྣས་ཞིང་སྡེའི་མེ་སྐྱོན་གནས་བབ་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། ཞིང་སྡེའི་ཉིན་རྒྱུན་འཚོ་བའི་མེ་བཀོལ་དང་གློག་བཀོལ། རླངས་བཀོལ་སོགས་མེ་སྐྱོན་བཀག་འགོག་བྱ་བ་ནང་དོན་གཙོ་བོར་བྱས་པ་དང་། ཞིང་སྡེའི་གློག་རླངས་སྦུག་ལམ་དང་སྒྲིག་ཆས་སོགས་སྡེ་ཁག་གཙོ་བོའི་མེ་གསོད་མེ་འགོག་བདེ་འཇགས་ཞིབ་བཤེར་ལ་ཤུགས་བསྣན་ནས། སྡོད་ཁང་གི་གློག་སྐུད་ཐད་འབྲེལ་དང་ཚད་བརྒལ་གློག་བཀོལ་སོགས་རྒྱུ་རྐྱེན་གྱི་དབང་གིས་བྱུང་བའི་མེ་སྐྱོན་དོན་རྐྱེན་ལ་བཀག་འགོག་བྱས། སྡེ་བ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་མེ་གསོད་མེ་འགོག་བདེ་འཇགས་འགན་འཁྲི་ལག་བསྟར་བྱེད་མིན་དང་། སྡེ་བ་རུ་མེ་འགོག་མེ་གསོད་ཡོ་ཆས་དང་སྡེབས་སྒྲིག་བྱེད་པ་དང་ཡོ་ཆས་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་ཐུབ་མིན། རྣམ་པ་མང་བའི་ཞིང་སྡེའི་མེ་གསོད་མེ་འགོག་དཔུང་སྡེ་འཛུགས་མིན། ཞིང་སྡེའི་མེ་འགོག་མེ་གསོད་བདེ་འཇགས་དྲིལ་སྒྲོག་གསོ་སྦྱོང་བྱ་བ་སྤེལ་མིན་སོགས་ཕྱོགས་ལ་ཁ་གཏད་དེ་ཞིབ་བཤེར་སྤེལ། ཞིབ་བཤེར་སྐབས་སུ། མེ་གསོད་མེ་འགོག་མི་སྣ་ད་དུང་ཁྱིམ་ཚང་བརྒྱད་ལ་སོང་ནས། ཞིང་སྡེའི་གློག་བསྒྱུར་གནས་ཚུལ་དང་ཁྱིམ་ཚང་གི་མེ་བཀོལ་གློག་སྤྱོད། གློག་ཚད་འཇལ་ཆས་ཀྱི་སྐུད་ལམ་སྦྲེལ་མཐུད་ཚད་ལྡན་ཡིན་མིན་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་དང་རྒྱུས་ལོན་གསལ་བོ་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།