རང་ཞིང་གིས་དུས་ཆེན་གཉིས་ཀྱི་སྐབས་སུ་དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་རྒྱུ་རེད།
2020.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གྱི་སྐབས་སུ་རང་ཞིང་གིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་རྨང་གཞིའི་སྟེང་། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་བྱིས་པའི་སློབ་གསོ་དང་ནད་སྟོན་པ་སོགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་དང་རང་བྱུང་གནོད་འཚེ་སོགས་ཐེབས་ཏེ་ནད་བྱུང་བ་དང་དབང་བོ་སྐྱོན་ཅན་དུ་གྱུར་བ། ལས་ཞུགས་བྱེད་དཀའ་བའི་ལས་བཟོ་བའི་ཁྱིམ་ཚང་ལ་འོས་འཚམ་སྒོས་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་སྟེར་དགོས་པའི་རེ་བཏོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་གཞུང་སྒྲུབ་ཁང་གིས་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་བཟོ་ཚོགས་དང་བཟོ་ཚོགས་ཀྱི་ལས་བྱེད་པ་རྣམས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་འབྲིང་ཆུང་དང་དཀའ་ཁག་ལ་འཕྲད་པའི་དམངས་གཉེར་ཁེ་ལས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ཀྱི་དཀའ་ཁག་ཆེ་བའི་ཁེ་ལས་སོགས་ལ་སོང་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་དང་དཀའ་ཁག་བྱུང་བའི་རྒྱུ་རྐྱེན། ལས་བཟོ་བ་བཀོད་སྒྲིག་དང་སྲིད་ཇུས་ཐོབ་ཐང་དངོས་འབེབས་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ་དང་། ལས་ཤོར་དང་ནད་ལྗིད་མོ་ཕོག་པ། གཞུང་དོན་དུ་རྨས་བ། རང་བྱུང་གནོད་འཚེ་ཐེབས་པ་སོགས་ཀྱིས་བཟོས་པའི་འཚོ་བར་དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་དང་། ལྷག་པར་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱེད་དགོས་པར་མ་ཟད། དོན་དངོས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་པ་དང་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

                                                                                               ལོ་ཙཱ་བ། བཀྲ་ཤིས་འབུམ།