མཚོ་སྔོན་གྱིས་ཡུལ་སྐོར་སྤྱོད་ཁང་དོ་དམ་བྱེད་ཐབས་བཟོ་བཅོས་མ་དངོས་སུ་བཏོན།
2020.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྤྱོད་ཁང་དོ་དམ་བྱེད་ཐབས་བཟོ་བཅོས་མ་ཞེས་པ་དངོས་སུ་བཏོན་ནས། ཡུལ་སྐོར་སྤྱོད་ཁང་གི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་དང་སྲུང་སྐྱོབ་བདག་གཅེས། ལྟ་ཞིབ་དང་དཔྱད་འཇོག་སོགས་ཀྱི་བྱ་བ་མངོན་གསལ་གཏན་འབེབས་བྱས།

མཚོ་སྔོན་གྱིས་ཡུལ་སྐོར་གྱི་དགོས་མཁོར་དམིགས་བཙུགས་ཏེ་སྐྲུན་དགོས་པའི་སྤྱོད་ཁང་གི་འཆར་འགོད་དང་འཛུགས་སྐྲུན་གྱི་ཕྱོགས་ནས། གཅིག་གྱུར་སྒོས་འཆར་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་འགྲེམས། ཡུལ་བབ་དང་བསྟུན་ནས་བསྐྲུན་པ། འཕྲོད་བསྟེན་དང་འཚམ་པར་བསྟེན་པ། དཔལ་འབྱོར་གྱི་ལྟ་སྟངས་དང་མཐུན་པ། རིག་གནས་ཁྱད་ཆོས་ཀྱི་ཆོས་ཉིད་དང་མཐུན་པ་བཅས་ཀྱི་སྒོ་ནས་འཆར་འགོད་བྱེད་རྒྱུ་ཡིན་པ་དང་། སྤྱོད་ཁང་གི་གྲངས་འདང་ངེས་ཡིན་པ་དང་བཀོད་འགྲེམ་ལུགས་མཐུན་ཡིན་པ། དོ་དམ་ནུས་ལྡན་ཡིན་པ། ཞབས་ཞུ་ལེགས་པ་བཅས་ཀྱི་དམིགས་འབེན་གཞི་རྩར་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྤྱོད་ཁང་གིས་མི་གཤིས་ཅན་གྱི་ཇུས་འགོད་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་དང་། མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་དང་རུང་བསྟུན་གྱི་སྒོ་ནས་ཁོར་སྲུང་སྤྱོད་ཁང་བསྐྲུན་པར་ཞིབ་འཇུག་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཡུལ་སྐོར་གྱི་ཚ་རླབས་ཆེས་ཆེ་བའི་དུས་ཚིགས་དང་དུས་ཆེན་གྱི་སྐབས། ཡང་ན་རིག་གནས་ཡུལ་སྐོར་བྱ་འགུལ་ཆེ་གྲས་བཅས་ཀྱི་སྐབས་སུ་སྤོ་སྣུར་བྱེད་ཐུབ་པའི་ཁོར་སྲུང་སྤྱོད་ཁང་ཁ་སྣོན་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་འབད་དེ། ཡུལ་སྐོར་བའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་རྒྱུ་རེད།

ལོ་ཙཱ་བ། བན་དེ་སྐྱབས།