མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་སོ་སོར་རིན་མེད་སྒོས་དབང་བོ་སྐྱོན་ཅན་གྱི་རོགས་འདེགས་ཅ་ལག་བྱིན།
2020.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། རིན་གོང་སྒོར་ས་ཡ་གཅིག་དང་ཁྲི་གཉིས་ཡིན་པའི་དབང་བོ་སྐྱོན་ཅན་གྱི་རོགས་འདེགས་ཅ་ལག་རིགས་འདྲ་མིན་སྟོང་ལྔ་དང་དགུ་བརྒྱ་ཞེ་དགུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་དངོས་སུ་སྤྲད་དེ། མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་ཡོངས་ལ་ཕན་བདེ་བླ་མེན་བསྐྲུན།

ཐེངས་འདིའི་ཅ་ལག་མ་བྱིན་པའི་སྔོན་ལ། མཚོ་སྔོན་གྱི་ས་གནས་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་བྱིན་པའི་ཅ་ལག་གི་རིགས་དང་གྲངས་འབོར་ཉུང་བའི་དབང་གིས། དབང་བོ་སྐྱོན་ཅན་རེ་འགའི་དམིགས་བསལ་གྱི་དགོས་མཁོ་རྩ་བ་ནས་སྐོང་ཐབས་བྲལ་ཡོད། མི་རེ་རེར་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་དབང་ཡོད་པའི་དམིགས་འབེན་དཀྱིལ་སྙིང་དུ་བཟུང་ནས། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ནད་གསོ་བྱ་བའི་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དྲུག་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་རིན་མེད་སྒོས་རིན་གོང་སྒོར་ས་ཡ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ཀྱི་འགྲོ་འདུག་ལ་རོགས་འདེགས་བྱེད་པའི་ཅ་ལག་དང་ནད་གསོ་སྦྱོང་བརྡར་ལ་ཕན་པའི་ཅ་ལག འཚོ་བར་རོགས་བྱེད་པའི་ཅ་ལག ནད་སྐྱོང་གི་ཅ་ལག རྣ་བས་ཉན་པ་དང་མིག་གིས་མཐོང་བར་གོ་ཆོད་པའི་ཅ་ལག་སོགས་ཅ་ལག་སྟོང་ལྔ་དང་དགུ་བརྒྱ་ཞེ་དགུ་བྱིན།

ཅ་ལག་འདི་དག་བྱིན་པ་དེས་མཚོ་སྔོན་གྱི་ས་གནས་སོ་སོའི་དབང་བོ་སྐྱོན་ཅན་བྱ་བར་རྨང་གཞི་བརྟན་པོ་བཏིངས་པར་མ་ཟད། མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།