ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ས་ཆ་སོ་སོས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གདམ་མངག་བྱས་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་བའི་བྱ་བའི་ཐད་རེ་བ་བཏོན།
2020.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

སྲིད་འཛིན་སྡེ་བ་ཉུང་ཤས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འདེམ་དཀའ་བ་དང་གདམ་མི་དཀོན་པའི་གནད་དོན་ཐག་གཅོད་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གདམ་མངག་བྱས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་བའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ་པ་དང་། གདམ་མངག་ཐོབ་ཐང་ཆ་རྐྱེན་དང་གདམ་མངག་བརྒྱུད་རིམ། འགན་སྲུང་སྐུལ་སློང་། དོ་དམ་དཔྱད་ཞིབ་སོགས་ཀྱི་ཐད་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས། ས་ཆ་སོ་སོས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གདམ་མངག་བྱས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་ན། གཅིག་ནས་ཆབ་སྲིད་སྤུས་ཚད་བཟང་བ་དང་དམིགས་འབེན་འདུ་ཤེས་བརྟན་པ། སྤྱོད་ཚུལ་བཟང་བ། ལུས་ཕུང་བདེ་ཐང་ཡིན་པ། འཕེལ་རྒྱས་ཀྱི་སྦས་ཤུགས་ཡོད་པ་དང་མདུན་ལམ་ལྡན་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་གདམ་མངག་བྱས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་དུ་འཇུག་དགོས། གཉིས་ནས་གཙོ་བོར་ལོ་སོ་ལྔ་མན་གྱི་ཁི་རིམ་པའི་ལས་བྱེད་པ་དང་། ལོ་སུམ་ཅུའི་མན་གྱི་ཁི་གཞོན་པ་རིམ་པའི་ལས་བྱེད་པ། འདྲ་མཚུངས་ཀྱི་ཆ་རྐྱེན་ལྡན་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་བཅས་ཀྱི་ཁྲོད་ནས་མི་འདེམ་དགོས། གསུམ་ནས་ལས་བྱེད་པ་གདམ་མངག་བྱེད་ན་ངེས་པར་དུ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་རྒྱལ་དམངས་སློབ་གསོ་སློབ་ཆེན་གྱི་དངོས་གཞི་དང་དེའི་ཡན་གྱི་ཡོད་ཚད་ཡོད་དགོས་པ་དང་། འདྲ་མཉམ་གྱི་ཆ་རྐྱེན་འོག སྔོན་དུ་འདེམ་མངག་མི་སྣ་དང་ཧྲུའུ་ཅི་དང་པོ། དབུལ་སྐྱོར་བྱ་བའི་རུ་མི། སློབ་ཆེན་པའི་སྡེ་དཔོན། རོགས་གསུམ་སྐྱོར་གཅིག་སོགས་ཀྱི་བྱ་བའི་བརྒྱུད་རིམ་ལྡན་པའི་ལས་བྱེད་པ་གདམ་མངག་བྱེད་དགོས། བཞི་ནས་གདམ་མངག་ལས་བྱེད་པ་ཡོངས་རྫོགས་ལས་བྲལ་བྱས་ནས་སྡེ་བ་རུ་བྱ་བ་བསྒྲུབས་པའི་དུས་ཡུན་ལོ་གཉིས་ལས་མི་ཉུང་བ་དང་། དཀའ་ཁག་མཐའ་འཁོབ་ས་ཁུལ་གྱི་ཞོར་ཕོགས་དང་མཚོ་སྔོན་གྱི་ཞོར་ཕོགས། ཡུལ་ཚོ་དང་གྲོང་རྡལ་གྱི་བྱ་བའི་ཞོར་ཕོགས། དྲོད་འདོན་ཁ་གསབ། ཐོལ་བྱུང་གནོད་འཚེ་ཉེན་སྲུང་ལོངས་སྤྱོད་བྱེད་པ་དང་། ལོ་རེར་སྒོར་ཁྲི་གཉིས་ལས་མི་ཉུང་བའི་བྱ་བའི་གྲོན་དངུལ་བཀོད་སྒྲིག་བྱེད་དགོས། ལྔ་ནས་འགན་ཁུར་དུས་ཡུན་ནང་ནུས་པ་བཟང་བ་དང་། གོང་རིམ་ཟླ་ཕོགས་ཐག་གཅོད་ཐུབ་པ་དང་སྤོར་བསྐོ་བྱེད་པ། སྤོར་བསྐོའི་ཆ་རྐྱེན་དང་མཐུན་པའི་ལས་དོན་ལས་ཁུངས་སུ་ལས་གཉེར་བྱེད་བཞིན་པའི་ལས་བྱེད་པ་བཅས། འདྲ་མཉམ་ཆ་རྐྱེན་འོག་སྔོན་དུ་སྤོར་བསྐོ་བྱེད་ཆོག་པ་གཏན་ཁེལ་བྱས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།