མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་ནུས་ལྡན་བྱས།
2020.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་གཏོང་ཤུགས་ཟམ་མ་ཆད་པར་ཆེ་རུ་བཏང་བ་དང་། སྒྲིག་ལུགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་འབད་དེ། སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས། འདས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འཕྲོད་བསྟེན་བཅས་ཀྱི་སྤྱིའི་འགྲོ་སོང་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་བརྒྱད་དུང་ཕྱུར་བརྒྱད་ལ་སླེབས་ཡོད་ཅིང་། ལོ་རེར་ཆ་སྙོམས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བདུན་འཕར་གྱིན་ཡོད་པས། དེས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་ནུས་ལྡན་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བར་ནོར་སྲིད་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།