རང་ཞིང་གིས་ལས་གནས་བརྟན་སྲུང་གི་གྲོན་དངུལ་ཕྱིར་སྤྲོད་ཚད་སྔར་ལས་ཇེ་མཐོར་བཏང་ནས་ཁེ་ལས་ཀྱིས་དུས་སྐབས་རང་བཞིན་གྱི་དཀའ་ཁག་སེལ་བར་རོགས་འདེགས་བྱས།
2020.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ད་ལོར། རང་ཞིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ནས་ལས་ཞུགས་བརྟན་འཇགས་སུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ།  ལས་གནས་བརྟན་སྲུང་གི་གྲོན་དངུལ་ཕྱིར་སྤྲོད་ཚད་སྔར་ལས་ཇེ་མཐོར་བཏང་ཞིང་དུས་ཐོག་ཏུ་ལེགས་སྒྱུར་སྲིད་ཇུས་སྙོམས་སྒྲིག་བྱས་པ་དང་ཁེ་ལས་ཀྱིས་དུས་སྐབས་རང་བཞིན་གྱི་དཀའ་ཁག་སེལ་བར་རོགས་འདེགས་བྱས། མིག་སྔའི་བར་དུ་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་ཁེ་ལས་སྟོང་ལྔ་དང་བརྒྱད་བརྒྱ་བཅུ་བདུན་ལ་ལས་ཤོར་ཉེན་འགོག་དང་ལས་གནས་བརྟན་སྲུང་གི་གྲོན་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ས་ཡ་གསུམ་བྱིན་པས། ལས་བཟོ་བ་འབུམ་གསུམ་ལྷག་ལ་ཁེ་ཕན་ཐོབ་པ་དང་། ཁེ་ཕན་ཐོབ་པའི་ཁེ་ལས་ཀྱི་གྲངས་ཀ་ན་ནིང་གི་ལྡབ་གསུམ་ལྷག་ལ་སླེབས། དེའི་ནང་དུ་དཀའ་ཁག་ཆེ་བའི་ཁེ་ལས་གོ་བདུན་ལ་ལས་ཤོར་ཉེན་འགོག་དང་ལས་གནས་བརྟན་སྲུང་གི་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་བརྒྱད་བྱིན་པས་ལས་བཟོ་བ་ཁྲི་བཞི་ལྷག་ལ་ཁེ་ཕན་ཐོབ།

                                                                                                   ལོ་ཙཱ་བ། བཀྲ་ཤིས་འབུམ།