སློབ་གསོའི་ལས་དོན་ཐོག་མར་འཕེལ་རྒྱས་སུ་གཏོང་བ་དང་སློབ་གསོ་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་ཆེད། ཉེ་ལམ། ཐེམ་ཆེན་རྫོང་མི་རིགས་མཐོ་རིམ་སློབ་འབྲིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེམ་ཆེན་རྫོང་མི་རིགས་མཐོ་རིམ་སློབ་འབྲིང་ལ་འཆར་འགོད་བྱས་ཏེ་འཛུགས་སྐྲུན་བྱས་པ་ནི་སློབ་གསོར་བརྟེན་ནས་རྫོང་ཁག་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་སློབ་གསོའི་ལས་དོན་དང་མི་རིགས་སློབ་གསོ་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ཐབས་ཇུས་ཡིན། མི་རིགས་མཐོ་རིམ་སློབ་འབྲིང་ལེགས་འགྲུབ་བྱུང་བ་དེས་ཐེམ་ཆེན་རྫོང་གི་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། རྫོང་ཁོངས་སློབ་གསོའི་མ་ལག་ཆ་ཚང་དང་འཐུས་ཚང་དུ་བཏང་བ་དང་། མཐོ་རིམ་སློབ་གསོ་འཕེལ་རྒྱས་སུ་གཏོང་དཀའ་བའི་གནད་དོན་ཐག་བཅད་པར་མ་ཟད། སློབ་གསོའི་སྤུས་ཚད་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་ལེགས་སྒྲུབ་བྱེད་པ། མི་དམངས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་བ་དང་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་པ་དང་། ཐེམ་ཆེན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་མང་པོའི་ཤེས་ལྡན་མི་སྣ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱེད་ངེས་རེད།
ལོ་ཙཱ་བ།བཀྲ་ཤིས་འབུམ།