ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་དང་འབྲེལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྟོང་གཉིས་དང་བཞི་བརྒྱ་གོ་གཅིག་ཉུང་དུ་བཏང་།
2021.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ། གསར་འགོད་པས་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྲིད་འཛིན་དང་འབྲེལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྤུས་གཙང་དུ་གཏོང་བའི་བྱ་བའི་སྒྲིག་ལུགས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དུས་ལྟར་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་དང་འགལ་བའི་སྲིད་འཛིན་སྐོར་གྱི་ཡིག་ཆ་དུས་ལྟར་གཙང་སེལ་བྱེད་ཆེད། ཉིས་སྟོང་ཉི་ཤུ་ལོའི་ལོ་སྨད་དུ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་སྲིད་འཛིན་དང་འབྲེལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་ཡོངས་ནས་གཙང་སེལ་ཐེངས་བཞི་པ་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཡིག་ཆ་གཙང་སེལ་ལས་དོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་སྲིད་འཛིན་དང་འབྲེལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་ཐོ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་གཙོ་བོ་ཞེས་པའི་ཚད་ལྡན་ཡིག་ཆ་གཙང་སེལ་སྐོར་གྱི་བླང་བྱ་གཞིར་བཟུང་ནས་བསྒྲུབས་པ་ཞིག་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོ་ཧྲིལ་བོའི་གཙང་སེལ་མཇུག་འབྲས་རྨང་རྟེན་དུ་བཟུང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་ཡིག་ཆ་ཅི་ཡོད་གཙང་སེལ་ཁྱབ་ཁོངས་ཁྲོད་བསྡུས་པ་དང་། ཚད་ལྡན་ཡིག་ཆ་སྟོང་གསུམ་དང་བརྒྱད་བརྒྱ་གོ་གཉིས་གཙང་སེལ་བྱས་པའི་ཁྲོད་དུ། ཡིག་ཆ་སྟོང་གཉིས་དང་བཞི་བརྒྱ་གོ་གཅིག་སོར་འཇོག་བྱེད་རྒྱུ་ཐག་བཅད་པ་དང་། ཡིག་ཆ་ཉིས་བརྒྱ་གྱ་གཅིག་བཟོ་བཅོས་བྱས། ཡིག་ཆ་སྟོང་གཅིག་བརྒྱ་དང་ཉི་ཤུ་སྤྱོད་ནུས་ཤོར་བ་རྒྱུ་མཚན་དུ་བྱས་ཏེ་མེད་པར་བཟོས།

ལོ་ཙཱ་བ། བན་དེ་སྐྱབས།