རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
2021.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ནཙ། པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་དུ་འཛུགས་སྐྲུན་བྱས་པའི་ཚུན་དུ། རང་ཞིང་གིས་ནམ་ཡང་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ཤུགས་བཏོན་པ་དང་། གོང་འོག་གཉིས་ཀྱིས་ལག་བསྟར་དམ་འཛིན་བྱས་ལ། 2019ལོ་དང2020ལོར་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བརྒྱད་བཀོད་སྒྲིག་བྱས་ནས་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱས་པས། འཛུགས་སྐྲུན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ལུད་རྫས་དང་ཞིང་སྨན་བཅོས་ཇེ་ཉུང་དུ་གཏོང་བའི་ཕྱོགས་ནས། རང་ཞིང་གིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ས་ཡ་དྲུག་བཀོད་སྒྲིག་བྱས་པ་དང་། ཇེ་ཉུང་དུ་གཏོང་བ་གཉིས་ཀྱི་འགུལ་སྐྱོད་ཚོད་ལྟའི་རྒྱ་ཁྱོན་སྤྱི་ཆིངས་འབུམ་གཉིས་དང་ཁྲི་བདུན་སྟོང་དྲུག་ལ་སླེབས་ལ། དེའི་ཁྲོད2020ལོར་རང་ཞིང་གིས་ཚོད་ལྟའི་རྒྱ་ཁྱོན་སྤྱི་ཆིངས་འབུམ་གཉིས་ཡོངས་འགྲུབ་བྱས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་སྤྱི་ཆིངས་འབུམ་གཅིག་དང་ཁྲི་གཉིས་སྟོང་བཞི་ཇེ་མང་དུ་སོང་ལ། ཞིང་ཆེན་ཡོངས་ཀྱི་ལུད་རྫས་དང་རྫས་འགྱུར་ཞིང་སྨན་བཀོལ་སྤྱོད་བྱེད་ཚད་འགུལ་སྐྱོད་མ་སྤེལ་གོང་དང་བསྡུར་ན་བརྒྱ་ཆའི་བཞི་བཅུ་དང་བརྒྱ་ཆའི་སུམ་ཅུ་ཡན་ཇེ་ཉུང་དུ་སོང་།

པུའུ་དང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་ཚུན་དུ། རང་ཞིང་གིས་ནོར་གནག་དང་ནས། ལོགས་དཀར། སྐྱེ་ལྡན་ལུད་རྫས་ཐོན་ལས་མནའ་འབྲེལ་བཙུགས། ཞིང་ལས་ཞིང་སྡེ་པུའུ་རུ་ཡར་ཞུ་བྱས་པ་མ་ཟད་ཆོག་མཆན་བཀོད་དེ་བོད་ལུགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་འགྲེམ་སྤེལ་བྱས། སྟོང་སྐོར་རྫོང་དང་རྐང་ཚ་རྫོང་གཉིས་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་སྔོན་བསྐྱོད་ཁུལ་དུ་གཏན་ཁེལ་བྱས། ཡུས་ཧྲུའུ་ཡི་ནོར་གནག་སོགས་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ཞིང་ལས་ཐོན་རྫས་དགེ་མཚན་ཁུལ་ལྔ་གཏན་ཁེལ་བྱས་ལ། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་སུམ་ཅུ་ངོས་འཛིན་བྱས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དེང་རབས་ཅན་གྱི་ཐོན་ལས་ར་བ་ཉེར་བརྒྱད་བཙུགས།

དེ་ལས་གཞན། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྫོང་སུམ་ཅུ་རུ་ནོར་གནག་བོད་ལུག་ཐོན་ས་རྗེས་འདེད་ཚོད་ལྟ་ལག་བསྟར་བྱས།  

ལོ་ཙཱ་བ། རིན་ཆེན་མཚོ།