ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་པ་དང་། འགོ་ཁྲིད་ལས་བྱེད་པའི་ལས་གནས་བརྟན་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱས་ཤིང། ཏན་ཏན་ཏིག་ཏིག་སྒོས་འཕྲལ་སྒྲུབ་དོགས་ཟོན་དང་ལས་རེས་བརྟན་སྲུང་བྱ་བ་གང་ལེགས་སྒོས་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་སེལ་བའི་གནས་བབ་སྤྱིར་བཏང་དུ་གཏན་འཇགས་ཡིན་པས། འཕྲལ་སྒྲུབ་དོ་དམ་པུའུ་ཡི་ཁས་ལེན་གང་ལེགས་ཐོབ།
ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ན་ནིང་གི་དགུན་ཁ་དང་ད་ལོའི་དཔྱད་ཀའི་བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། གཙོ་བོ་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་ཤོག་སྦག་བཀད་པ། སྣུམ་རླངས་སྐྱེལ་འདྲེན་སྦུགས་ལམ། མེ་གསོད། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ལས་རིགས་ལ་གཅིག་བསྡུས་སྒོས་དག་ཐེར་དང་བཅོས་སྐྱོང་བྱས་ཤིང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ན་ནིང་གི་ལོ་མཇུག་དང་ད་ལོའི་ལོ་སྟོད་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་སྣ་ཚོགས་དམ་འཛིན་བྱས་པ་དང་། དོན་རྐྱེན་སྣ་ཚོགས་འབྱུང་བ་གཏན་འགོག་བྱས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས།
ལོ་ཙཱ་བ། བཀྲ་ཤིས་འབུམ།