མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་པེ་ཅིན་ཡིག་ཁྱིམ་འཕར་ལྡིང་ཀུང་ཟི་གཉིས་ཀྱིས་སྨྱན་སྦྱོར་གསར་པའི་སྐྱེད་སྲིང་གླིང་གི་གན་རྒྱ་འཇོག་པ་དང་སྒོ་བྱང་ཕྱེ་བའི་མཛད་སྒོ་བསྡུས།
2021.01.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

ཟླ་དང་པོའི་ཚེས13ཉིན། “ས་མཚམས་བརྒལ་ནས་སྟོབས་ཤུགས་གཅིག་ཏུ་བསྡུ། མཉམ་འདྲེས་བྱས་ཏེ་འབྱུང་འགྱུར་གསར་པ་གཏོད”ཅེས་པའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་པེ་ཅིན་ཡིག་ཁྱིམ་འཕར་ལྡིང་ཀུང་ཟི་གཉིས་ཀྱི་སྨྱན་སྦྱོར་གསར་པའི་སྐྱེད་སྲིང་གླིང་གི་གན་རྒྱ་འཇོག་པ་དང་སྒོ་བྱང་ཕྱེ་བའི་མཛད་སྒོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚོམས་ཆེན་དུ་བསྡུས། 

ཟླ་དང་པོའི་ཚེས13ཉིན“ས་མཚམས་བརྒལ་ནས་སྟོབས་ཤུགས་གཅིག་ཏུ་བསྡུ། མཉམ་འདྲེས་བྱས་ཏེ་འབྱུང་འགྱུར་གསར་པ་གཏོད”ཅེས་པའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་པེ་ཅིན་ཡིག་ཁྱིམ་འཕར་ལྡིང་ཀུང་ཟི་གཉིས་ཀྱི་སྨྱན་སྦྱོར་གསར་པའི་སྐྱེད་སྲིང་གླིང་གི་གན་རྒྱ་འཇོག་པ་དང་སྒོ་བྱང་ཕྱེ་བའི་མཛད་སྒོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚོམས་ཆེན་དུ་བསྡུས། འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ལས་སྟེགས་ལ་བརྟེན་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཡུལ་སྐོར་ནང་ཞུགས་པའི“ས་མཚམས་བརྒལ་ནས་ཡུལ་སྐོར་བྱེད་ཐེངས་ཤིག་རེད། ཐེངས་འདིའི་སྨྱན་སྦྱོར་གསར་པའི་སྐྱེད་སྲིང་གླིང་གི་གན་རྒྱ་འཇོག་པ་དང་སྒོ་བྱང་ཕྱེ་བའི་མཛད་སྒོ་ནི་པེ་ཅིན་ཡིག་ཁྱིམ་འཕར་ལྡིང་ཀུང་ཟིས་ཀོང་ཏུང་དང་། ཡུན་ནན། ཀྲེ་ཅང་། ཧྲན་ཏུང་། ཧྲན་ཞི། ཧེ་ལུང་ཅང་བཅས་དང་སྨྱན་སྦྱོར་གསར་པའི་སྐྱེད་སྲིང་གླིང་གི་གན་རྒྱ་བཞག་རྗེས་ནུབ་བྱང་ས་ཁུལ་དུ་གཏན་འཁེལ་བྱས་པའི་རྒྱང་སྒྲོག་བརྙན་འཕྲིན་སྨན་བྱད་བར་གྱི་མཉམ་ལས་ཐོག་མ་དེ་རེད། བྱེད་ཐབས་དེར་དོན་སྙིང་ཧ་ཆང་གལ་ཆེན་ལྡན་ལ། དེ་ནི་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་རྗེས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་འཚོལ་ཞིབ་ཀྱི་ལག་ལེན་ཞིག་ཡིན་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དག་སྲུང་གསར་སྐྲུན་བྱས་ཏེ། དཔུང་སྡེ་གཙོ་བོས་ལས་ཀ་གཙོ་བོ་གཉེར་རྒྱུ་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གཙོ་བོ་ཞིག་ཡིན། འགྲན་སློང་ཆེན་པོ་དང་འཕེལ་རྒྱས་ཀྱི་གནོན་ཤུགས་མདུན་དུ་དཔུང་སྡེ་གཙོ་བོས་ལས་ཀ་གཙོ་བོ་གཉེར་བའི་འཕེལ་རིམ་ཟམ་མི་ཆད་པར་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ་དང་ལས་ཁུངས་ཀྱི་གནས་ཚུལ་ལ་དམིགས་ནས་གཏན་འཇགས་འཛུགས་སྐྲུན་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་མ་ཟད་ཕུགས་ལ་ཕྱོགས་པའི་འཐབ་ཇུས་ཀྱི་འདེགས་གནས་སྲ་བརྟན་དུ་བཏང་ནས། ཆ་འཕྲིན་གྱི་ནང་དོན་དང་ལག་རྩལ་གྱི་བཀོལ་སྤྱོད་། ལས་སྟེགས་ཀྱི་མཐའ་སྣེ། ཤེས་ལྡན་མི་སྣའི་དཔུང་ཁག     དོ་དམ་བྱེད་ཐབས་སོགས་ཐད་ནས་མཉམ་སྣོན་ནས་མཉམ་འདྲེས་སུ་འགྱུར་འགོ་ཚུགས་ཡོད།

གསར་འགོད་པ། དཔའ་བརྟན་རྒྱལ།