མཚོ་སྔོན་གྱིས་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གསར་འགྱུར་སྨྱན་བྱད་བཞུགས་མོལ་ཚོགས་འདུ་བསྡུས།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 56

ཉེ་ལམ། མཚོ་སྔོན་གྱིས་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གསར་འགྱུར་སྨྱན་བྱད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་དྲིལ་སྒྲོག་བྱ་བར་སྤྱི་སྡོམ་བྱས་པ་དང་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་བསམ་ཕྱོགས་ལ་འཆར་འགོད་འཐེན་པར་མ་ཟད། དྲིལ་སྒྲོག་བྱ་བའི་བརྒྱུད་ལམ་གསར་པའི་སྐོར་ནས་ཁ་བརྡ་ལྷུག་པོར་གནང་བ་དང་མཉམ་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པར་མཉམ་དུ་ཇུས་གཞི་བཟོས་ནས། སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་གི་རྣམ་པ་ལེགས་པོ་གྲུབ་པར་བྱས།

འདས་པའི་ལོ་གཅིག་གི་ནང་དུ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་དང་ཞིང་ཆེན་ལྟེ་གནས་ཀྱི་སྨྱན་བྱད་གཙོ་བོས་དཀའ་ངལ་ཁྱད་སེལ་སྒོས་མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལམས་རིམ་ཁག་སོ་སོའི་བྱ་བར་དྲིལ་སྒྲོག་ལེ་ཚན་གྱི་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཁྱད་པར་དུ་རྒྱལ་ཁོངས་ལྗང་བསྒྱུར་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དྲིལ་སྒྲོག་ལེ་ཚན་ཐད་གྲུབ་འབྲས་ངེས་ཅན་བླངས་ནས། ཕྱི་ཕྱོགས་སུ་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་གྱི་སྣང་བརྙན་མངོན་པའི་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།