རང་ཞིང་གིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ལག་བསྟར་བྱེད་ཐབས་འགྲེམ་སྤེལ་བྱས།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 63

ཉེ་ལམ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ལག་བསྟར་བྱེད་ཐབས་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་རྣམ་པར་བརྟེན་ནས་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་ཀྱི་སྤྱི་ཁོག་དང་གོ་རིམ་ཚད་ལྡན། དབང་ཚད་འགན་འཁྲི། མཇུག་འབྲས་བཀོལ་སྤྱོད་སོགས་གཏན་འཁེལ་གསལ་བོ་བྱས་པས། ཁྲིམས་ལྟར་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ལྟ་ཞིབ་བྱེད་པ་དང་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ངེས་རེད།

བྱེད་ཐབས་ལས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གཏན་འཁེལ་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཏན་གནས་གཏན་འཁེལ་གསལ་བོ་བྱས་ཡོད་པར་མ་ཟད། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ནང་དོན་གལ་ཆེན་དུ་བཞག་སྟེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འབྲེལ་མཐུད་བྱེད་པ་དང་མཉམ་ཤུགས་ཆགས་པར་བྱེད་དགོས་ལ། ལྟ་ཞིབ་རྣམ་པ་ལ་གཙོ་བོ་རྒྱུན་ལྡན་གྱི་ལྟ་ཞིབ་དང་ཆེད་དོན་ལྟ་ཞིབ། མངག་སྡོད་ལྟ་ཞིབ་བཅས་ཡོད་ཅེས་ནན་གྱིས་བསྟན།

ལོ་ཙཱ་བ། བཀྲ་ཤིས་འབུམ།