ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་དབུལ་སྐྱོར་གྱིས་མཚོ་སྔོན་གྱི་རོང་འབྲོག་མང་ཚོགས་ས་ཡ་གཉིས་ལྷག་གི་ཡོང་སྒོ་འཕར་བར་བྱས།
2021.01.20 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 85

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཡི་ནགས་ཚལ་དང་རྩྭ་སའི་སྡེ་ཁག་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ལྔ་ཡི་རིང་ལ། མཚོ་སྔོན་དུ་རང་བྱུང་ནགས་ཚུལ་སྲུང་སྐྱོབ་དང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་བཀོད་སྒྲིག་ཐད་སྤྱིའི་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་གཅིག་བཏང་ནས། ཁྱབ་ཆེ་བའི་སྒོ་ནས་མུའུ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གཅིག་ཁྲི་དྲུག་སྟོང་བཞིའི་སར་རྒྱལ་ཁོངས་ལྗང་བསྒྱུར་བྱས་པ་དང་། མུའུ་ས་ཡ་བདུན་དང་འབུམ་གཅིག་ཁྲི་གཉིས་ཀྱི་སར་ས་ནག་བཅོས་སྐྱོང་བྱས་པ། མུའུ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་གི་རྩྭ་སའི་གནོད་འབུ་དང་གནོད་ཚབས་ཆེ་བའི་སྐྱེ་དངོས་སྔོན་འགོག་བཅོས་སྐྱོང་བྱས་པ། མུའུ་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བཞི་ཁྲི་དགུ་ལྷག་གི་ནགས་ལས་བྱ་བར་གནོད་པའི་སྐྱེ་དངོས་འགོག་སྡོམ་བྱས་པ། མུའུ་འབུམ་ལྔ་དང་ཁྲི་བརྒྱད་ལ་མིས་བཟོས་རྩྭ་བཏབ་པ། མུའུ་ས་ཡ་དགུ་དང་ཁྲི་བཞིའི་རྩྭ་ཐང་ཉམས་ཞན་དུ་འགྲོ་བར་རྩྭ་འབྲུ་བཏབ་ནས་ཁ་གསབ་བྱས་པ། མུའུ་ས་ཡ་བརྒྱད་དང་འབུམ་བདུན་ཁྲི་གསུམ་གྱི་བྱེ་འགྱུར་འགོག་བཅོས་བྱས་མཐར། རོང་འབྲོག་པ་ས་ཡ་གཉིས་ཀྱི་ཡོང་སྒོ་འཕར་བར་མཐུན་རྐྱེན་བསྐྲུན།

ལོ་ཙཱ་བ། བན་དེ་སྐྱབས།