མཚོ་ཤར་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་རྣམ་པ་རྒྱུན་མཐུད་ངང་གཏན་འཇགས་བྱུང་།
2021.02.19 ཁུངས། ཀློག་གྲངས། 16

གསར་འགོད་པས་མཚོ་ཤར་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། དགུན་ཁ་དང་དཔྱིད་ཀའི་དུས་ཀྱི་གནད་འགག་གི་མེ་འགོག་དུས་ཚིགས་ལ། གྲོང་ཁྱེར་དང་རྫོང་སོ་སོ། དེ་མིན་ཆུས་དང་སྡེ་ཁག་རེ་རེས་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཉིན་བརྒྱའི་བྱ་འགུལ་སྤེལ་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་དེ་ཉིན་བརྒྱའི་བྱ་འགུལ་གྱི་ནང་དོན་གཙོ་བོར་བཟུང་སྟེ། གནས་དུས་གལ་ཆེན་ལ་གཟབ་གཟབ་བྱས་པ་དང་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ནས་མེ་འགོག་བྱ་བ་ནན་ཏན་གྱིས་བསྒྲུབས། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་རྣམ་པ་རྒྱུན་མཐུད་ངང་གཏན་འཇགས་བྱུང་ཡོད།

མཚོ་ཤར་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་སྔ་གཞུག་ཏུ་ཚོགས་འདུ་བསྡུས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་ཞིབ་འཇུག་བརྡར་གཅོད་དང་བཀོད་སྒྲིག སྐུལ་འདེད་བཅས་བྱས་ནས། 《དགུན་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ལེགས་པར་སྒྲུབ་པའི་འབྲེལ་ཡོད་བརྡ་ཁྱབ 》ཅེས་པ་བཀྲམ་ནས། མཚོ་ཤར་གྲོང་ཁྱེར་གྱི་ནགས་ཚལ་མེ་འགོག་འཛུབ་སྟོན་གཞུང་ལས་ཁང་གི་ལས་བཟོ་བས་ལས་བགོས་འགན་ཁུར་དང་འགན་འཁྲིའི་སྒྲིག་སྲོལ་ཐུམ་འགོད། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་གྱི་བྱ་བ་ཧུར་ཐག་ངང་སྒྲུབ་ནས། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་བྱ་བར་སྐུལ་འདེད་བྱས་ཏེ་བྱེད་ཐབས་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱས།

མེ་འགོག་བྱ་བ་ཡག་པོར་བསྒྲུབ་ཆེད་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས། སྡེ་ཁག་རེ་རེས་ས་གནས་སྲིད་གཞུང་གི་སྲིད་འཛིན་མགོ་གཙོ་སྲོག་ཤིང་ཡིན་པའི་མེ་འགོག་སྒྲིག་སྲོལ་གཟབ་ནན་ངང་ལག་བསྟར་བྱས་པ་དང་། ནགས་ཚལ་མེ་འགོག་དང་མཛུབ་སྟོན་གཞུང་ལས་ཁང་སོ་སོས་སྤྱིའི་སྒྲིག་ལམ་དམ་པོར་འཛིན་པ་དང་རྩ་འཛུགས་ཀྱི་ནུས་པ་ཐོན་པར་བྱས་ལ། རྫོང་དང་ཆུས། གྲོང་སྡེ་སོ་སོར་སོང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཐད་ཀྱི་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ཅིང་བྱེད་ཐབས་སོ་སོ་ལག་བསྟར་དོན་འཁྱོལ་བྱས།

                                                                                            མི་ཕམ་མགོན་པོས་བསྒྱུར།